R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༥
[A:༣༩༥]ལ་ཆོས་སྡེ་ལྷོ་བྱང་། ཆོས་ལྷུན་པ་སོགས་དང་། བརྒྱ་དཔོན་གཡས་ནས་བླ་རིགས་བྱ་ཆུ་བ་རྣམས། གཞན་ཡང་ཁལ་ཁ་ཐུ་ཤེ་ཡེ་ཐུ་རྒྱལ་པོའི་མི་སྣ་ཨེ་རྟེན་ནེ་ཇོ་བོའི་དགེ་བསྐོས་བློ་བཟང་ཆོས་གྲུབ་པའི་ལིག་ཐུ་དང་། མི་སྣ་གཞན་ཡེ་ཤེས་རབ་རྒྱས། ལོ་ཙཱ་བ་བཅས་དང་། སྔོན་གྱི་དབུ་ཆེན་གྲས་བདག་ཆེན་ཤད་པ་ཀུན་དགའ་ཡེ་ཤེས་ལྷུན་གྲུབ། སྡེ་དགེ་སྐུ་ཚབ་མཚོན་བྱེད་ཕུར་པ་བླ་གསར། གློ་བོ་རྒྱལ་ཁབ་ནས་བྱོན་པ་མཚོན་བྱེད་གནས་བསྐོར་བ། དབུས་ཕྱོགས་ནས་གོང་དཀར་གནས་བསྐོར་བ། ཁམས་ཕྱོགས་ནས་བདེ་གླིང་གྲྭ་རྒྱུན་དང་གསེར་ཅན་གྲྭ་བསྐོར་བ། མངའ་རིས་ནས་བྱུང་བ་མཚོན་ཕྱིར་སྟག་མཁར་གཉེར་རྙིང་། ལྷོ་ཕྱོགས་ནས་བྱུང་བ་མཚོན་པའི་གྲྭ་རྒྱུན་གཉིས། བྱང་ཕྱོགས་ནས་བྱུང་བ་མཚོན་པའི་མུས་པ་རྒྱུགས་འབུལ་བ་སོགས། གཙང་ཕྱོགས་ནས་གཞི་གྲྭ། ཆོས་ལྷུན། སྐྱེད་ཚལ། བྱ་གཤོངས་པ་བཅས་འདུས་པའི་ཐོག་མར་བསྟན་སྲུང་ཡུས་པ་ལྟ་བུའི་བསེར་བུ་ཕྲན་བུ་ལྡང་ཞིང་། འཇམ་མགོན་མཆོག་ནས་གསུང་བཤད་ཚུགས་པ་དང་གནམ་གཤིས་ཀྱང་འཇམ་ལ། གྲོལ་ཁར་ཆོས་ཆར་ཉིལ་བ་སོགས་ཀྱི་དགེ་མཚན་དང་ལྡན་བཞིན་པར་ཉིན་དང་པོ། གསང་ཕུ་བའི་སྐོར་ཆའི་གྲས་ལ་རིགས་གཏེར། སྡོམ་གསུམ། སོ་ཐར་སྐབས་དང་། གཉིས་པར་ཞི་བའི་སྐོར་ཆའི་གྲས་ལ་མངོན་རྟོགས་རྒྱན་དང་། སྡོམ་གསུམ་སེམས་བསྐྱེད་སྐབས་དང་། གསུམ་པར་ངམ་རིང་པའི་སྐོར་ཆའི་གྲས་ལ་སྡོམ་གསུམ་སྐབས་གསུམ་པར་གསུང་བཤད་མཛད་ཅིང་། དེ་ལྟ་བུའི་རྒྱུན་ཡང་སྔོན་སྔགས་