R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༦
[A:༣༩༦]འཆང་ཆོས་ཀྱི་རྒྱལ་པོའི་སྐུ་ཐོག་ལ་འཇམ་དབྱངས་སྐུ་མཆེད་ཀྱིས་གསུང་བཤད་གནང་བ་ནས་བཟུང་འདི་ལོའི་བར་གདུང་རྒྱུད་གསུང་བཤད་གནང་མཁན་མ་བྱུང་བས། རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ནས་དེ་ལྟའི་རྒྱུན་བཟང་ནུབ་དོགས་ཐུགས་བསྐྱེད་རྨད་དུ་བྱུང་བ་གནང་བའི་ཚེ། སྤྱི་སྒོས་ནས་བསྙེན་བཀུར་ལེགས་སྐྱེས་ཟད་མི་ཤེས་པ་དང་། ལྷག་པར་ས་སྐྱ་པའི་སྦྱིན་བདག་སོག་པོ་ཁལ་ཁ་འཇམ་དཔལ་རྡོ་རྗེ་ནོ་མི་ཧན་དུ་གྲགས་པ་དཔོན་འཁོར་སྟོབས་ཆེན་ཞིག་སྔོན་དུ་གཞིས་ལེན་སྐབས་འབྱོར་པ་རྣམས་ནས། འབྱོར་ཕྱག་སྐབས་དང་སྐབས་འདི་བཅས་པར་མཎྜལ་རྟེན་གསུམ་གྱིས་མཚོན་འབུལ་དངོས་ཇི་ལྟར་རྣམ་མང་ཐོས་ཀྱི་གན་མཛོད་ཁ་ཕྱེ་བ་ལྟ་བུས་རྒྱ་ཆེ་བ་དང་འདུས་ཚོགས་ལ་མང་འགྱེད་གྱ་ནོམ་པ་བསྟབས། སྤྱི་སྒྱུར་ཐོག་སྤྱི་སྒེར་ནས་ལེགས་སོའི་མགུར་དར་སྒྲོན་པ་སོགས་ཕུལ་བྱུང་གི་མཛད་བཟང་རྣམས་གྲུབ་ནས་ཁལ་ཁ་མི་སྣ་རྣམས་དབང་ཆོས་ཟང་ཟིང་གི་སྐྱེས་སོགས་ཀྱིས་འདོད་པ་ཚིམ་པར་མཛད། རྗེ་ཡབ་སྲས་འདི་ཟུང་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་མཚུངས་ཟླ་མ་མཆིས་པ་ཡིན་པ་ཡང་མཛད་བཟང་འདི་རྣམས་ཀྱིས་གྲུབ། ཟླ་ཚེས་བཅུ་བཞི་ནས་བཟུང་འཇམ་མགོན་དབང་གི་མཚན་ཅན་ཉིད་སྡོམ་གསུམ་རབ་དབྱེར་གཞུང་འདོན་ཚོགས་དབུར་ཐོག་མར་ཕེབས་ཐོག་ཁལ་ཁ་དེ་དག་དངུལ་གྱི་མཎྜལ་དང་། བསྟན་པ་རྒྱས་པའི་ཐུགས་སྨོན་ཞུ་རྟེན་རྒྱ་དངུལ་བྲེ་ཆེན་རྣམས་ཕུལ་བ་སོགས་འཕྲལ་ཕུགས་ཀྱི་ལ་ཉེ་བཟང་ཞིང་འདི་ནས་བཟུང་གཞུང་འདོན་ཚེས་མཆོད་ལ་རྟག་པར་ཕེབས་པར་མཛད་དོ། །གཞན་