R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༨
[A:༣༩༨]དབང་ཕྱུག་གི་སྐུ་ཐོག་ཙམ་ནས་བཟུང་ཆག་མེད་བྱུང་བ་བཞིན། གཏོར་སྤོད་དང་སྦྲགས་གོང་གི་མགོན་ཁང་རྣམས་སུ་ཐུག་ཆོག་དང་། ཉེར་གཅིག་ལ་ཀུན་རར་ཆོག་སྒྲིགས། ཉེར་གཉིས་ལ་མདོས་གཟབ་བཅའ་སྒྲིག ཉེར་གསུམ་ལ་འཆམ་སྐུ་གདན་འདྲེན་གཟབ་མ་རྣམས་དེབ་ནང་བཞིན་དང་། དེ་ལོ་དབུ་རྩེ་ནས་ལྕམ་དྲལ་དྲེགས་པ་ཟིལ་གནོན་གདན་འདྲེན་བཅས། ཉེར་བཞིར་ཉིན་ཆས་འདི་སྔ་སོར་ལྷ་ཁང་རྡོ་གཅལ་དུ་མཛད་ཀྱང་རྗེ་ཉིད་ཀྱི་དེབ་ཆེན་དུ་ས་ཚོགས་སུ་དགོས་ཚུལ་བཞིན་མཛད་ཅིང་། ཉེར་ལྔ་རྒྱུན་བཞིན། ཉེར་དྲུག་ཉེར་བདུན་ལ་ལ་ཆེན་ཤར་ནུབ་གཏོར་འབུལ། ས་འདུལ། ཉེར་བརྒྱད་ལ་འཆམ་དངོས། ཉེར་དགུར་གཏོར་རྒྱག གནམ་གང་ལ་བསྐང་གསོ་བརྒྱ་ཚར་དང་ས་ཁྱི་རྒྱལ་ཟླའི་ཚེས་གཅིག་ལ་སྔ་དྲོར་བསྟན་སྲུང་བསྔགས་གསོལ་རྒྱས་པ། ཕྱི་དྲོར་ལོ་གསར་བཞུགས་གྲལ་གཟབ་རྒྱས་བསྩལ་བ་དང་། རྟ་ཟླའི་བཅུ་གཅིག་ནས་ཁྲི་ཕེབས་དངོས་གཞི་ཉིན་གསུམ་མ་མཛད་པའི་ཚེ། ཐོག་མར་ནམ་ལངས་ལ་ཆོས་ཁྲི་སྟེང་གི་ལྷ་ཁང་འཆི་མེད་ཡང་རྩེར་ཡབ་རྗེ་རྡོ་རྗེ་འཆང་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཆོག་ནས་རང་བཞིན་འབྱུང་བའི་གཙུག་ཏོར་རྣམ་རྒྱལ་གྱི་སྟ་གོན་སྒྲུབ་པར་ཕེབས། སྔར་སྲོལ་ལ་ཉིན་གཉིས་ཡབ་ཕེབས་སྲོལ་མ་མཆིས་རུང་། དེ་ལོ་ཉིན་གཉིས་སྒྲིག་གྲས་མ་མཛད་པ་མ་གཏོགས་རྗེ་ཉིད་ཕེབས་ཤིང་། དེ་ཡང་བཞུགས་ཁྲིའི་དབུས་སུ་བཀའ་ཆོས་ཀྱི་དགའ་སྟོན་སྩོལ་བ་པོ་དག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་དང་། གཡོན་དུ་ངག་