R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༠
[A:༤༠༠]གཡས་སུ་ཕེབས་ཤིང་བཀའ་ཆོས་སྩོལ་བ་པོས། ཐམས་ཅད་མཁྱེན་པའི་གསུང་རབ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། གསུངས་པ་དང་མདོ་ཀློག་པ་སོགས། མཎྜལ་གྱི་ཚེ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་རྒྱལ་སྲས་སེམས་དཔའི་དབང་ཕྱུག་དམ་པའི་དྲུང་དུ། ཐེག་པ་ཆེན་པོའི་དམ་པའི་ཆོས་ཟབ་མོ་ཞུ་བའི་ཡོན་དུ་སོགས་དང་། གདུང་རྒྱུད་ལས་སྔར་དབང་གསན་ཕྱིན་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སོགས། ལུགས་འདི་ནི་ཞུ་འབུལ་ཕྱག་བཅོས་བརྒྱད་ཀྱི་ཚེའང་དབང་མ་ཐོབ་པའི་ཚོགས་དཔོན་ལ། མ་ཚང་བ་མེད་པ་འདི་ཉིད་བཤེས་གཉེན་དམ་པ་ཁྱེད་ལ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཞུ་བའི་ཡོན་དུ། ཞེས་སོགས་དང་། དབང་ཐོབ་ནས་དུས་གསུམ་སངས་རྒྱས་སོགས་གསུངས་དགོས་པའི་རྒྱུ་མཚན་བཞིན་མཛད། བཀའ་ཆོས་གནང་ནས་ཆོས་སྤྱོད་གཏོང་རིན་འབུལ་བ་རྣམས་གྲལ་གྱི་སྐུ་རྒྱབ་དང་། གཡོན་སྐུ་མདུན་རྣམས་བསྐོར། རྡོ་སྐས་ཤར་མ་བརྒྱུད་བཞུགས་ཁྲིའི་གཡོན་ནས་སྐུ་མདུན་དུ་སླེབས་པ་དང། མཛོད་འཛིན་ནས་བཞུགས་ཁྲིའི་ལྷོ་ནུབ་ཏུ་བཞེངས་ཏེ་འབུལ་ཐོག་བཤེར་ནས་གསང་སྒོ་ལ་དྲངས། དེ་ནས་འཕྲོ་རྣམས་ལ་གཞོལ་བར་མཛད། དེ་ལྟའི་སྐབས་ཁྲི་འདོན་བསྟར་མི། གཞུང་ས་མཆོག་དང་རྒྱལ་མཚན་མཐོན་པོ་བས་མཚོན་ཆེ་བ་ཅན་ཁག་ནས་ལེགས་སྐྱེས་སྟོབས་མི་རྩེ་དྲུང་སོགས་མི་སྣ་ཆེ་འབྲིང་ཇི་སྙེད་ཅིག་འབྱོར་བ་དང་། རང་ཁོངས་ཆོས་སྡེ་ལྷོ་བྱང་སྤྱི་དང་། མཁན་པོ་སོགས་ལས་སྣེ་ཁག་དང་། གཞན་ཡང་ཆོས་ལྷུན། རྩེ་ཆོས། རྒྱལ་རྩེ་གུར་གྲྭ། གོང་ཆོས་སོགས་