R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༡
[A:༤༠༡]གྲྭ་ཚང་ཁག་དང་། རིན་སྒང་སོགས་མོ་དགོན་ཁག་དང་། མཛོད་གཉེར་གྱིས་མཚོན་དྲུང་རིགས་སེར་སྐྱ། གཞིས་ཁག སྟོད་སྨད་བླ་ཁག་སོགས། གཞིས་བྱེས་རྣམས་ནས་དར་དཀར་སྲིད་ན་རིང་བས་མཚོན་དངོས་འབུལ་རྨུགས་འཛིན་དབང་པོའི་གན་མཛོད་ལ་ཅོ་འདྲི་བ་ལྟ་བུ་བསྟབས་ཤིང་། གྲོལ་ཉིན་གདན་ས་ཆེན་པོའི་དྲི་གཙང་ཁང་རྣམས་སུ་སྣ་ལྔའི་མཆོད་སྤྲིན་ཚར་དུ་དངར་བ་དང་། དམ་ཅན་རྒྱ་མཚོ་སྤྲིན་བཞིན་འདུ་བའི་གནས་མགོན་ཁང་རྣམས་སུ། སྤྱན་གཟིགས་གོས་དར། གཅན་གཟན་དང་ཞིང་ཆེན་གྱི་ལྤགས་རིགས་གོ་མཚོན་སོགས་འབུལ་བ། དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་དང་། མངའ་ཞབས་སྐྱེ་བོའི་ཚོགས་ལ་འབྲུ་འགྱེད་གྱ་ནོམ་པ་སོགས་མཛད་ཅིང་། དེ་ལྟའི་དགེ་རྩ་རྣམས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་མཆོག་ནས་འཁོར་གསུམ་མ་དམིགས་པའི་ཤེས་རབ་ཟབ་མོས་ཡོངས་སུ་བསྔོ་བས་རྒྱས་བཏབ་གྲུབ་ནས་བཀྲ་ཤིས་མངའ་གསོལ་གྱི་ཚེ་གཞི་ཐོག་ཏུ་མཁན་ཕྱག་གཉེར། བརྒྱ་ལས་བན་ཚང་། བདེ་གླིང་དབུ་ཆོས། ཚོགས་ཆེན་དབུ་ཆོས། གླིང་དཔོན་བཅུ་དྲུག ཡུལ་སློབ་གཉིས། རྩེ་གདོང་སློབ་བུ་དབུ་བན་ཚང་བཅས་བྱོན་ནས། མཁན་ཆེན་གྱི་སྐུ་རྟེན། བརྒྱ་དཔོན་ནས་གསུང་རྟེན། ལས་ཆེན་པས་ཐུགས་རྟེན་དང་འཕྲིན་ལས་རྟེན། ཕྱག་གཉེར་ལ་ཡོན་ཏན་རྟེན་ལ་གསེར་བུམ་རེ་རེ། བན་ཚང་རིམ་བཞིན་རོལ་སིལ་རྔ། ཆོས་དུང་རིན་པོ་ཆེ། རྡོ་དྲིལ། སྣ་བདུན། རྫས་བརྒྱད། བཞུགས་སྟན་རྡོ་རྗེ་རྒྱ་གྲམ་རྣམས་ཕྱག་ཁྱེར་གྱིས་ཕེབས་གོང་ཚོགས་པ་བྱིངས་