R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༢
[A:༤༠༢]བཞུགས་ཚར་བ་མཛད། འཇམ་མགོན་སྐུ་མཆེད་ཆོས་ཁྲིར་བཞུགས་པའི་སྐུ་མདུན་ཡབ་རྗེ་རྡོ་རྗེ་འཆང་ཉིད་བཞེངས་མཐར། གཡས་གཡོན་ལ་ཕྱག་ཕྱི་བ་རྣམས་བསྒྲིགས་ནས། དབུ་བྱེད་ཆེ་བས་བསྐུལ་ལ། སངས་རྒྱས་ཆོས་ཚོགས་ཤུར་མ་གསུམ་ནས་བཟུང་། ཁྲུས་གསོལ། སྐུ་ཕྱིས་བར་དེ་དུས་ཀྱི་ཟིན་བྲིས་བཞིན་མཛད། དེ་ནས་སྐུ་རྟེན་ཡབ་ཀྱི་ཕྱག་ཏུ་བསྣམས་ཏེ། རྒྱལ་སྲིད་སྣ་བདུན་གྱི་གདངས་བཅས་པས། ཚོགས་གཉིས་མཐར་ཕྱིན་མཚན་མཆོག་སོ་གཉིས་དང་། །རབ་མཛེས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །སྤྲུལ་པའི་འོད་ཟེར་དཔག་མེད་འཕྲོ་བ་ཅན། །ལོངས་སྤྱོད་རྫོགས་སྐུ་ཆེན་པོར་དབང་བསྐུར་རོ། །ཨོཾ་བཛྲ་ཀཱ་ཡ་སིདྡྷི་ཨ་བྷི་ཥི་ཉྩམི། གསུང་རྟེན་བསྣམས་ཏེ། ཉེ་རིང་ཀུན་ལ་སྙོམས་པ་ཚངས་པའི་དབྱངས། །ཐར་ལམ་སྟོན་པ་ལྷ་ཡི་རྔ་བོ་ཆེ། །སྐྱེ་མེད་འགག་པ་མེད་པ་བྲག་ཆའི་གསུང། །ཡན་ལག་དྲུག་ཅུའི་དབྱངས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཝཱ་ཀ་སིདྡྷི་ཨ་བྷི་ཥི་ཉྩམི། ཐུགས་རྟེན་བསྣམས་ཏེ། ཆོས་ཉིད་དག་པ་གཉིས་ལྡན་མངོན་དུ་གྱུར། །ཆོས་ཅན་ཇི་སྙེད་དབྱེ་བ་སོ་སོར་གཟིགས། །ཆོས་རྣམས་རྣམ་ཀུན་མངོན་རྫོགས་བྱང་ཆུབ་པའི། །སྒྲིབ་བྲལ་རྣམ་དག་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཙིཏྟ་སིདྡྷི་ཨ་བྷི་ཥི་ཉྩམོ། ཡོན་ཏན་རྟེན་གསེར་བུམ་ཆ་བསྣམས་ཏེ། སྟོབས་ཉིད་རྡོ་རྗེ་མི་འཇིགས་སེངྒེ་བཞིན། །མ་འདྲེས་མཁའ་དག་ཐུབ་བསྟན་ཆུ་ཟླ་ལྟར། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་བཞི་ཡི་དབང་བསྐུར་རོ། །ཨོཾ་གུ་ཎ་སིདྡྷི་ཨ་བྷི་ཥི་