R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༣
[A:༤༠༣]ཉྩམི། རྒྱལ་སྲིད་སྣ་བདུན་ཚེ་ཆོག་བཞིན། རྫས་བརྒྱད་བསངས་སྦྱངས་བྱིན་རླབས་འབུལ་ཚིག་རབ་གནས་བཞིན་ལ། བཀྲ་ཤིས་ཀྱི་རྫས་བརྒྱད། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་རྒྱལ་སྲས་སེམས་དཔའི་དབང་ཕྱུག་དམ་པ་རྣམས་ཀྱིས་གཙོ་མཛད། སེམས་ཅན་སོགས། མེ་ལོང་ཡེ་ཤེས་སོགས། དེང་འདིར་ཡང་དཔལ་ས་སྐྱ་པ་སོགས་རིགས་འགྲེས། ཡུང་དཀར་རྫོང་ནས། འཕྲིན་ལས་རྟེན་སྣ་ཚོགས་རྡོ་རྗེ་བསྣམས་ཏེ། བརྒྱ་བྱིན་རྔ་སྤྲིན་ཚངས་ཉི་ཡིད་བཞིན་ནོར། །སྒྲ་སྙན་ནམ་མཁའ་ས་བཞིན་སྲིད་མཐའི་བར། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་པ་ནི། །རྒྱུན་མི་འཆད་པ་ཉིད་དུ་དབང་བསྐུར་རོ། །ཨོཾ་ཀརྨ་སིདྷཱི་ཨ་བྷི་ཥི་ཉྩམི། དེ་ནས་བཞུགས་སྟན་ཕུལ་ནས་བརྟན་བཞུགས་གདངས་མ། དེ་ནས་དྲིལ་བསིལ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་གདངས་མ། ཉིན་བདེ་གདངས་རིང་མཐར་རོལ་ཆེན། ཆོས་དུང་རྒྱུན་བཞིན་རྫོགས་པ་དང་། བཙོ་ཐབ་པའི་ཞྭ་གཡབ་ཀི་སྒྲ་བསྐུལ་བཀྲ་ཤིས་ཚུགས་པ་དང་ཤར་སྒོ་ལྷོ་མ་ས་ཚོགས་ཀྱི་ནུབ་རྒྱུད་ལ་ཆ་ཞབས་ཁམས་དྲུང་གི་གཞས་དང་། དེ་ནས་བཟུང་ཤར་སྒོ་བྱང་མའི་བར་ལ་རྒྱ་ལུ་ཆས་པའི་མདུང་བཅུ་གཅིག་ནས་བཟུང་ཕྱེ་ཕུར་ལྔའི་བར་མཆོད་ཕྲེང་རྣམས་དང་། ཀི་སྒྲ་རྫོགས་ནས་མཆོད་རོལ་དཀྲོལ་ལ་ཆོས་དུང་རིན་པོ་ཆེས་སྣ་དྲངས་རྔ་རོལ། འཕྲིན་ལས་རྟེན། རྫས་བརྒྱད། སྣ་བདུན། གསེར་བུམ། ཐུགས་གསུང་སྐུ་རྟེན། དེ་ནས་ཆོས་ཁྲིམས་པ་ནས་རྩི་མའི་བར། ཕྱེ་མར་གྲོ་འབྲས་དང་བཅས་པ་ཚོགས་ཀྱི་ཕྱི་བསྐོར། མཛོ་མོ་བར་