R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༨
[A:༤༠༨]ཀྱིས་བསྒྲིགས་པའི་ཡིག་ལུང་བཅས། སྔགས་འཆང་ཀུན་རིན་ཡིག་སྟེང་ནས་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་རྣམས་དང་། རྣམ་ཐར་རྡོར་གླུ་བསྟོད་པ་ཚོགས་འཁོར་རྣམས་ཀྱི་ལུང་། རྒྱུད་སྡེའི་སྐོར་ལ་ཐོག་མར་བྱ་རྒྱུད་གྲས་སྨན་བླ་མཆེད་བདུན། ཀླུ་དབང་ལྷ་ལྔ། གནས་བཅུ་རྣམས་སོ་སོའི་རྗེས་གནང་སྒྲུབ་སྐོར་རྣམས་ཀྱི་ལུང་དང་བཅས་པ། བྱ་བ་སྤྱིའི་རྒྱུད་ལ་རིགས་གསུམ་སྤྱི་དབང་། གང་བློ་མའི་རིག་གཏད། འཇམ་དཀར་གསེར་གདུགས་ཅན། འཇམ་དབྱངས་དམར་སེར། འཇམ་དཀར་མ་ཏི་ལུང་། འཇམ་དཔལ་སྨྲ་སེང་རྣམས་ཀྱི་རྗེས་གནང་། རྒྱ་གཞུང་བོད་གཞུང་སྒྲུབ་སྐོར་ཆ་ཚང་བའི་ལུང་། སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གཟའ་ཡུམ་ལྷ་བཅུ་གཉིས། གདུགས་དཀར་ལྷ་ཉེར་བདུན་མ། གཙུག་གཏོར་དྲི་མེད་དང་འོད་ཟེར་དྲི་མེད་རྣམས་ཀྱི་རྡུལ་དཀྱིལ་དུ་དབང་། སྒྲུབ་དཀྱིལ་དབང་། སྲོག་ཤིང་འཛུགས་ཆོག མཆོད་རྟེན། ཐིག་རྩ་རྣམས་ཀྱི་ལུང་དང་བཅས་པ། འོད་ཟེར་ཅན་མ་དང་། རྣམ་རྒྱལ་ལྷ་དགུ། གཙུག་འབར། གཟའ་ཡུམ་རྣམས་ཀྱི་རྗེས་གནང་ཡིག་ལུང་བཅས་རིགས་ཀྱི་ཁྲོ་བོ་མི་གཡོ་བ་དཀར་སྔོན་གྱི་རྗེས་གནང་སྒྲུབ་སྐོར་རྣམས་ཀྱི་ལུང་དང་བཅས་པ། པདྨ་རིགས་འཆི་མེད་རྔ་སྒྲ་ལྷ་དགུའི་དབང་། པདྨའི་རིགས་བདག་འཕགས་པ་བཅུ་གཅིག་ཞལ་གཙོ་རྐྱང་དང་ལྷ་ལྔའི་རྗེས་གནང་། སྨྱུང་གནས་ཆོ་ག་དང་། འཕོ་བ་འདེབས་ཚུལ་སོགས་ཀྱི་ལུང་། སྤྱན་གཟིགས་སྐྱེར་སྒང་ལུགས། སྤྱན་གཟིགས་གཙོ་འཁོར་གསུམ་པ། དོན་ཞགས་ལྷ་ལྔ་