R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༩
[A:༤༠༩]རྣམས་ཀྱི་རྗེས་གནང་། ཚེམ་བུ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་པདྨའི་ཡུམ། སྒྲོལ་དཀར་བཀའ་བབས་དགུ་ལྡན་དང་། འོད་ཟེར་དྲུག་སྦྲགས་སོ་སོའི་རྗེས་གནང་། ཕྱི་མའི་ཚེ་ཁྲིད་སྒྲུབ་སྐོར་ཡོངས་རྫོགས་ཀྱི་ལུང་། དབྱངས་ཅན་དཀར་མོའི་རྗེས་གནང་སྒྲུབ་སྐོར་ལུང་། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། ཡིག་ལུང་བཅས། ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལུང་བཅས། གཉན་སྒྲོལ་རྗེས་གནང་ཡིག་ལུང་བཅས། པད་རིགས་ཁྲོ་བོའི་སྐོར་ལ། རྟ་ནག་ལྕགས་རལ་ཅན་ཇོ་ལུགས། ཤྭ་ན་བཞི་སྐོར་དབྱུག་ཐོ་ཅན་རྣམས་ཀྱི་རྗེས་གནང་། སྒྲུབ་སྐོར་རྣམས་ཀྱི་ལུང་དང་བཅས་པ། རྡོ་རྗེའི་རིགས་ཀྱི་གཙོ་བོ། མི་འཁྲུག་ལྷ་དགུའི་དབང་། རྡོ་རྗེ་རིགས་བདག ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་། ཕྱག་རྡོར་གཏུམ་པོ། ཕྱག་རྡོར་ཨུ་ཙྱ་རྣམས་ཀྱི་རྗེས་གནང་ཡིག་ལུང་བཅས། རྡོར་རིགས་ཕོ་ཉར་གཏོགས་པ་དམེ་བརྩེག་དུད་ལྗང་གཉིས་ཀྱི་རྗེས་གནང་། སྒྲུབ་སྐོར་ཡོངས་རྫོགས་རྣམས་ཀྱི་ལུང་དང་བཅས་པ། བྱ་རྒྱུད་ནོར་རིགས་ཛམ་དཀར་འབྲུག་ཞོན་ལྷ་ལྔ་དང་། ཛམ་སེར་ནག རྣམ་སྲས་གསེར་ཅན་ལྷ་དགུ་རྣམས་ཀྱི་རྗེས་གནང་། སྒྲུབ་སྐོར་རྣམས་ཀྱི་ལུང་དང་བཅས་པ། རྣམ་འཇོམས་དང་རི་ཁྲོད་མ་སེར་མོའི་རྗེས་གནང་ཡིག་ལུང་བཅས། གཉིས་པ་སྤྱོད་པའི་རྒྱུད་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔའི་དབང་ཡིག་ཆ་རྣམས་ཀྱི་ལུང་དང་བཅས་པ། གསུམ་པ་རྣལ་འབྱོར་གྱི་རྒྱུད་ལ། ཀུན་རིག་