R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༧
[A:༤༠༧]གྲངས་བཅུ་དྲུག་ཏུ་ཕེབས་པ་ས་ཁྱི་ནག་ཟླའི་ཡར་ཚེས་བཅུ་གཅིག་ནས་བཟུང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྤྱན་སྔར་འཇམ་མགོན་སྐུ་མཆེད་རྗེ་བཙུན་དྲུང་སོགས་ལ་ལམ་འབྲས་ཚོགས་བཤད་རྗེས་འབྲེལ། གཞན་ཡང་དབང་རྗེས་གནང་ཁྲིད་ལུང་ལ་སོགས་པ་སྔ་ཕྱིར་གསན་པ་རྣམས་འདིར་ཕྱོགས་གཅིག་ཏུ་བཀོད་ན་ཐོག་མར་འཕགས་པ་ཀླུ་སྒྲུབ་དང་། རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པའི་དབུ་མ་ལུགས་ཀྱི་སེམས་བསྐྱེད། ཇོ་བོ་རྗེ་ནས་བརྒྱུད་པའི་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་ལུང་བཅས། ཇོ་བོས་ཆོས་འབྱུང་བརྒྱ་རྩ། དཔེ་ཆོས་རིན་སྤུངས། མན་ངག་རིན་སྤུངས། གཏམ་རྒྱུད་རིན་ཕྲེང་། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང་། མུས་ཆེན་དཀོན་མཆོག་རྒྱལ་མཚན་གཉིས་ཀྱིས་བསྒྲིགས་པའི་བློ་སྦྱོང་གླེགས་བམ། དེས་མཛད་པའི་བློ་སྦྱོང་ཁྲིད་ཡིག བློ་སྦྱོང་ལེགས་བཤད་ཀུན་འདུས་རྣམས་ཀྱི་ལུང་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད། འཕགས་ཡུལ་གྱི་སློབ་དཔོན་ཨ་བྷ་ཡས་ཕྱོགས་གཅིག་ཏུ་སྒྲིགས་ཤིང་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་རྒྱལ་ཐབས་རྒྱ་མཚོར་གྲགས་པ་ནས་བྱུང་བའི་རྗེས་གནང་བརྒྱ་དང་ཞེ་གཅིག་རྒྱ་གཞུང་གི་ལུང་དང་བཅས་པ། བ་རི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩ་རྗེས་གནང་དོན་བརྒྱད་རྒྱ་གཞུང་གི་ལུང་དང་བཅས་པ། ཇོ་བོ་རྗེ་ནས་བརྒྱུད་པའི་རྗེས་གནང་མན་ངག་ཐོར་བུ་རྣམས་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྣར་ཐང་བརྒྱ་རྩར་གྲགས་པ་ནས་བྱུང་བའི་རྗེས་གནང་སོ་བཞི། མཆིམས་