R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༡༠
[A:༤༡༠]རྩ་བའི་རས་དཀྱིལ་དུ་དབང་། སྒྲུབ་དཀྱིལ་དབང་ཆོག་སོགས་ཀྱི་ལུང་། རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་ན་མེད་པའི་སྐོར་ལ། ཕ་རྒྱུད་གསང་འདུས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་རྡུལ་དཀྱིལ་དུ་དབང་། གསང་འདུས་འཇམ་རྡོར་ལྷ་བཅུ་དགུ་རྡུལ་དཀྱིལ་དབང་། གསང་འདུས་སྤྱན་གཟིགས་ལྷ་བཅུ་དགུ་རས་དཀྱིལ་དབང་། དེ་རྣམས་ཡིག་ལུང་དང་བཅས། གཤེད་དམར་ལྷ་ལྔའི་རྡུལ་དཀྱིལ་དུ་དབང་སྔོན་འགྲོའི། སྤྲོས་མེད་ཀྱི་ཉམས་ཁྲིད་ཡིག་ལུང་དང་བཅས་པ། འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་རྡུལ་དཀྱིལ་དུ་དབང་། ལས་གཤིན་བསྐང་བ་སོགས་ཀྱི་ལུང་། མ་རྒྱུད་སྐོར་ལ། འཁོར་ལོ་བདེ་མཆོག་ནག་པོ་ལུགས། ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྡུལ་དཀྱིལ་དུ་དབང་། ཨ་མེས་ཞབས་ཀྱི་བདེ་མཆོག་ཆོས་འབྱུང་གི་ལུང་། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་རྗེས་གནང་། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་ལུང་བཅས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ལུང་བཅས། ཁྱུང་ནག་རྒྱས་ནང་སྒྲུབ་སྐོར་མན་ངག་རྣམས་ཀྱི་ལུང་དང་བཅས། སེང་གདོང་དམར་པོའི་རྗེས་གནང་ལུང་བཅས། གཉིས་མེད་རྒྱུད་ཁོངས་སུ་གཏོགས་པ་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་སྒྲུབ་སྐོར་མན་ངག་རྣམས་རྡོ་རྗེ་གུར་ལས་གསུངས་པའི་ཐུན་མོང་སྒྲུབ་པའི་ལྷ་གསུམ་གྱི་རྗེས་གནང་ཡིག་ལུང་བཅས། དུས་འཁོར་ནས་གསུངས་པའི་ཐུན་མོང་སྒྲུབ་པའི་ལྷ་གསུམ་ནང་ཚན་རྡོ་རྗེ་ཁྱུང་ཁྲའི་སྐོར་ལ་སྔགས་འཆང་ཟུང་དཔལ་བས་མཛད་པའི་ཁྱུང་སྤོད་དཀར་ཆག་ལྟར་ཡོངས་རྫོགས་ཀྱི་ལུང་། འཕགས་ཡུལ་གྱི་སློབ་དཔོན་ཨ་བྷ་ཡིས་བཀྲམ་པའི་