R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༡༡
[A:༤༡༡]ཕྲེང་བ་སྐོར་གསུམ་དགོངས་དོན་དཀྱིལ་འཁོར་བཞི་ཞེ་གཉིས་སྟེང་། དཱ་པཎ་ཨཙྱ་ཞེས་དགུང་ལོ་སྟོང་དང་ཉི་ཤུ་བཞུགས་ཤིང་ཚེམས་ལན་ཉི་ཤུ་བརྗེས་པར་གྲགས་པས་བཀྲལ་བའི་དགེ་ལེགས་སུ་བྱེད་དཀྱིལ་འཁོར་གསུམ་བསྣན་པས། དཀྱིལ་འཁོར་ཞེ་ལྔའི་རས་དཀྱིལ་དུ་དབང་ཉིན་བཅོ་བརྒྱད་མའི་ལུགས་སུ་བསྐུར་བ་མཛད་། གསང་སྔགས་རྙིང་མའི་སྐོར་ལ། རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ཆོས་རྗེ་བླ་མ་དམ་པ་དང་། ས་ལོ་ཆེན་པོ་དང་། སྔགས་འཆང་ཀུན་རིན་རྣམས་ཀྱི་ཡིག་ཆའི་སྟེང་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང་། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་། ས་ལོ་ཀུན་བསོད་ཀྱིས་མཛད་པའི་ཕུར་པའི་ཞི་བའི་སྦྱིན་སྲེག་གི་ལུང་། བདག་ཆེན་རྒྱ་གར་བའི་འཕྲིན་གཞུང་དྲེགས་པ་ཟིལ་གནོན་དང་། སྔགས་འཆང་ཀུན་རིན་པའི་དབང་ཆོག་མཐོང་བ་རང་གྲོལ། རྗེ་རང་གིས་མཛད་པའི་བསྒྲིགས་རིམ་རྣམས་ཀྱི་སྟེང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་དང་ཡིག་ཆ་རྣམས་ཀྱི་ལུང་། རྟ་མགྲིན་གསང་སྒྲུབ་བྱིན་རླབས། སྒྲུབ་སྐོར་རྣམས་ཀྱི་ལུང་དང་བཅས་པ་འདོད་འབུམ་ནང་ནས་བྱིན་རླབས་ཐུགས་དབང་བསྡུས་པ། ཕྱག་རྡོར་དྲེགས་འདུལ་གྱི་དབང་། བསྟན་མ་བཅུ་གཉིས་ཀྱི་རྗེས་གནང་། ཚེ་རྟ་ཟུང་འབྲེལ། བྱང་གཏེར་ལྕགས་གདོང་མ། མདའ་འཕེལ་མ་རྣམས་ཚེ་དབང་། ཁྱད་པར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་ཕལ་ཆེར་གྱི་རྣ་བར་མ་ཐོས་པའི་གསེར་ཆོས་སྙན་བརྒྱུད་ཀྱི་སྐོར་ལ། འཕགས་ཡུལ་གྱི་པཎ་གྲུབ་རྒྱ་མཚོའི་གཙུག་རྒྱན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བི