R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༡༤
[A:༤༡༤]བ་ངོར་ཆེན་གྱིས་མཛད་པ་ཟུར་འདེབས་བཅས་དང་། ཐར་རྩེ་པཎ་ཆེན་གྱི་ཡིག་ལུང་བཅས། གཉིས་པ། ཁྱད་པར་དུ་ངོར་ལུགས་ཐུན་མོང་མ་ཡིན་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྐོར་ལ། ཐོག་མར་བླ་མ་ཚད་མར་བྱ་བའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་བསྟོད་པ་ཨ་ལ་ལ་ཏེ་ནས་བཟུང་། རྨོར་ཆེན་རྡོ་རྗེ་འཆང་གི་འཁྲུངས་རབས་གསོལ་འདེབས་ཀྱི་བར་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་སྐོར་གྱི་ལུང་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བླ་མ་རྒྱ་བོད་ཀྱི་ལོ་རྒྱུས་ནས་བཟུང་། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་རྣམ་ཐར་འཇམ་མགོན་ཀུན་བློ་རང་གིས་མཛད་པའི་བར་གྱི་རྣམ་ཐར་སྐོར་རྣམས་ཀྱི་ལུང་། སྔོན་དུ་འགྲོ་བའི་སྒོ་ནས། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཁྲིད་དངོས་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་སྒྲོས་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞི་བྱས། བུམ་དབང་རྨི་ལམ་མན་གྱི་ཁྲིད་འཕྲོ་ལུས་པ་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པ་དང་། སྣང་གསུམ་གྱི་སྐབས་སུ་འཇམ་དབྱངས་མཁྱེན་བརྩེའི་གསུང་ངག་བྱུང་ཚུལ་གྱི་ཟིན་བྲིས་ཀྱི་སྟེང་ནས་ཐོག་མར་མན་ངག་གི་བྱུང་ཚུལ་དང་། བྱུང་བའི་ཆོས་ལ་བཤད་བསྒྲུབ་བྱ་ཚུལ་གྱི་གསུང་བཤད་ཤིན་ཏུ་རྒྱས་པ་དང་། གཞན་ཡང་གསུང་བཤད་ཀྱི་རྒྱབ་སྐྱོར་དུ་དགོས་པའི་ཡིག་ཆ་རྣམས་དམ་པའི་ཕྱག་གཞེས་ལྟར་མཛད་དེ།