R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦
[A:༣༦]དང༌། གསོལ་འདེབས་ཀྱི་ལུང་གཉིས་ལ། གསང་སྔགས་སྔོན་འགྲོ་ཐེག་པ་ཐུན་མོང་བའི་ལམ་གྱི་གཞི་བཅའ་བ་ནི་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཁྲིད་ཡིག་སྣང་གསུམ་མཛེས་རྒྱན་གྱི་སྙིང་པོ་བསྡུས་པ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྣང་གསུམ་སྙིང་པོའི་ལེགས་བཤད་ཀྱི་སྟེང་ནས་གསན་པའི་མུར། དེས་མཛད་པའི་རྒྱ་མཚོ་གཉིས་ཀྱི་སྟེང་ནས་གསུང་སྒྲོས་སོགས་ཅི་རིགས་ཀྱིས་བརྒྱན་ཏེ་བཤད་པའི་རྣམ་གྲངས་ཅི་རིགས་པ་ལེན་པར་མཛད་པའི་ཁྲིད་ཀྱི་རྒྱབ་ཆོས་སུ་གནང་བའི་ཐོག་མར་ངེས་ཤེས་བསྐྱེད་པའི་སྐབས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་སྐོར་ལ། བླ་མ་རྒྱ་བོད་ཀྱི་རྣམ་ཐར་གསུང་ངག་གླེགས་བམ་པོད་སེར་ནས་བྱུང་བ་དང༌། ས་ཆེན་རྣམ་ཐར་རྩེ་མོའི་བསྟོད་པ་ཁྱོད་ཉིད་མ་བཅས་རྗེ་བཙུན་རིན་པོ་ཆེས་མཛད་པ། རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་ས་པཎ་གྱིས་མཛད་པ། དེ་ཉིད་རྣམ་ཐར་མནལ་ལམ་མ་ན་རོ་བནྡེ་གཤིན་རྗེ་གྲགས་ཀྱིས་མཛད་པ། ས་པཎ་གྱི་རྣམ་ཐར་འཕགས་པས་མཛད་པ། འཕགས་པའི་རྣམ་ཐར་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། ཚོགས་སྒོམ་པའི་རྣམ་ཐར་གཉགས་སྙིང་པོ་རྒྱལ་མཚན་གྱིས་མཛད་པ། ཉན་ཆེན་བསོད་ནམས་བརྟན་པའི་རྣམ་ཐར་དཀར་བྲག་པ་རཏྣ་སིང་ཧས་མཛད་པ། དཀར་བྲག་དེ་ཉིད་ཀྱི་རྣམ་ཐར་ཞལ་གསུངས་མ། ཞང་པའི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། བུདྡྷ་ཤྲཱིའི་རྣམ་ཐར་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། ངོར་ཆེན་རྣམ་ཐར་དགུང་གྲངས་དོན་བཞི་པ་ཡན་མུས་ཆེན་