R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥
[A:༣༥]རྗེས་གནང་བཅས་དང༌། ཐུན་མོང་མ་ཡིན་པའི་སྐོར་ལ། གྲུབ་རིགས་ཡོངས་ཀྱི་གཙུག་རྒྱན་འཕགས་ཡུལ་གྱི་པཎ་གྲུབ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ལ་ཡེ་ཤེས་མཁའ་འགྲོའི་བྱིན་གྱིས་རླབས་ཤིང་གདམས་པ་མངོན་སུམ་དུ་བསྩལ་བ་ནས་བཟུང་པཎ་གྲུབ་དབང་པོ་གྷ་ཡ་དྷ་རས། གངས་རིའི་ཁྲོད་ཀྱི་ལོ་ཙྭ་བ་ཡོངས་ཀྱི་གཙུག་རྒྱན་འབྲོག་མི་ཤཱ་ཀྱ་ཡེ་ཤེས་ལ་གདམས་ངག་སྒོ་སྐྱེས་མཛད་དེ། རིམ་བཞིན་རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་མཆོག་ལ་བཀའ་བབས་ཤིང༌། ཉེ་བརྒྱུད་གྲུབ་ཆེན་བིར་ཝ་པ་གཙོ་འཁོར་ལྔ་གདན་ས་འདི་ཉིད་དུ་ས་དཀར་པོ་རྒྱབ་ཡོལ་གྱི་ཚུལ་དུ་མཛད་ནས་བརྩེ་བ་ཆེན་པོ་ཉིད་ལ་ཞལ་མངོན་སུམ་དུ་བསྟན་ཏེ། གདམས་པ་ཡོངས་སུ་རྫོགས་པར་བསྩལ་བ་བཅས་ས་སྐྱ་གོང་མ་ཡབ་སྲས་རྣམས་ནས་རིམ་པར་སློབ་བརྒྱུད་གྲགས་ཆེ་བ་ངོར་རྫོངས་གོང་དཀར་བ་སོགས་མང་དུ་ཕེབས་ཀྱང་གཙོ་བོར་རྒྱལ་བས་ལུང་བསྟན་པའི་ཀུན་མཁྱེན་ཨེ་ཝཾ་པ་ཆེན་པོ་དང༌། མུས་ཆེན་སེམས་དཔལ་ཆེན་པོའི་བར་དུ་བྱོན་ཞིང༌། དེ་ལ་སློབ་ཚོགས་གྲངས་མང་བས་ཐུན་མོང་མ་ཡིན་པའི་སྐོར་འགའ་བརྩེ་བ་ཆེན་པོ་ཉིད་ཀྱི་རྣམ་འཕྲུལ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ཉིད་ལ་ཟུར་དུ་གསུངས་པ་ནས་བཟུང༌། ཚོགས་སློབ་གཉིས་སུ་གྱེས་པའི་ད་ལམ་ཐུན་མོང་བ་གསུང་ངག་རིན་པོ་ཆེའི་ཚོགས་བཤད་གསན་སྐོར་ལ། ཚད་མ་སྙན་བརྒྱུད་བཞི་བའི་སྒོ་ནས་འཆད་དགོས་པ་ལས། དང་པོ་བླ་མ་ཚད་མར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་རྣམ་ཐར་