R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧
[A:༣༧]སེམས་དཔའ་ཆེན་པོས་མཛད་པ། མུས་ཆེན་སེམས་དཔའ་ཆེན་པོའི་རྣམ་ཐར་ཁ་སྐོང་དང་བཅས་པ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། དེའི་རྣམ་ཐར་གསུང་སྒྲོས་མ་གུང་རུས་མཛད་པ། ཀུན་མཁྱེན་རིན་པོ་ཆེ་དང་ཡོངས་འཛིན་དཀོན་མཆོག་འཕེལ་གཉིས་ཀྱི་རྣམ་ཐར་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ། སངས་རྒྱས་རིན་ཆེན་གྱི་རྣམ་ཐར་ཁ་སྐོང་བཅས་པ་ས་ལོས་མཛད་པ། ས་ལོས་རྣམ་ཐར་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་ཐར་ཁྲོ་ཕུ་དུས་ཞབས་པས་མཛད་པ། གྲུབ་མཆོག་བསོད་ནམས་དབང་ཕྱུག་གི་རྣམ་ཐར་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་མཛོད་པ་ནམ་བསམ་པས་བརྩམས་པ། ཡབ་རྗེ་བསོད་ནམས་རིན་ཆེན་གྱི་རྣམ་ཐར་མཁན་ཆེན་ཀུན་ཟླ་འོད་ཀྱིས་མཛད་པ་བཅས་དང༌། གསུང་ངག་བྱུང་ཚུལ་དོན་གཉེར་དགའ་བ་སྐྱེད་བྱེད་དང༌། ལེགས་བཤད་འདུས་པའི་རྒྱ་མཚོ་གཉིས་འཇམ་མགོན་ཨ་མེས་ཞབས་ཀྱི་མཛད་པ་རྣམས་ཀྱི་ལུང་ཉམས་མྱོང་ཚད་མ་ཁྲིད་ཀྱི་གཞུང་ཤིང་བཞི་ལས། གཞུང་ཇི་ལྟ་བ་བཞིན་དཀྲི་བར་མཛད་པའི་སྣང་གསུམ་གོང་དུ་སོང་བ་བཞིན་དང༌། སྙན་བརྒྱུད་བཞི་པའི་དང་པོ་དབང་གི་ཆུ་བོ་མ་ནུབ་པ་སོགས་བཞི་ལས། དང་པོ་ལ་རྒྱུ་ལམ་འབྲས་བུའི་དབང་གི་ཆུ་བོ་མ་ནུབ་པ་གསུམ་ལས། ཐོག་མར་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་དང༌། སློབ་མ་རྗེས་འཛིན་བསགས་སྦྱོང་གི་ཁྲིད་དམིགས་འབོག་པ་རྣམས་ངག་ཆོས་ཡིག་སྟེང་ནས་བསྩལ་ཏེ། ཡབ་རྗེ་རྡོ་རྗེ་འཆང་ཉིད་གྲུབ་བསྙེན་ཞལ་