R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༤
[A:༤༢༤]པོ་རྣམ་རོལ་གྱི་མངོན་རྟོགས་སོགས་ཀྱི་སྟེང་ནས་མགོན་པོ་ལྷ་བཅུ་གཉིས་མ་ཐུན་མོང་བའི་རྗེས་གནང་། འཇམ་དབྱངས་གྲགས་པའི་སྒྲུབ་ཐབས་དང་། མཁྱེན་བརྩེའི་ཐོ་ཡིག་སོགས་ཀྱི་སྟེང་ནས་ལྷ་བཅུ་གཉིས་མ་ཐུན་མོང་མ་ཡིན་པའི་རྗེས་གནང་། དབང་རབ་དང་ངག་ཆོས་པའི་ཡིག་ཆའི་སྟེང་ནས་མགོན་པོ་ཁྲོ་བཅུའི་རྗེས་གནང་ལུང་དང་བཅས་པ་རྣམས་སྔོན་དུ་གསན་ནས། གྲོལ་བྱེད་ཀྱི་ཁྲིད་ལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་ལ་ཞྭ་ལུ་མཁན་ཆེན་གྱི་འཆད་ཐབས་སྦྱར་ཞིང་། ཞལ་ཤེས་ཡིག་ཆུང་སོགས་ཀྱིས་བརྒྱན་ཏེ། ཕྱི་ཁྲིད་རྡོ་རྗེ་བྲག་རྫོང་ལ་ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་རྩལ་འདོན་པ་སྟེ་ཟབ་ཁྲིད་ཆ་ལག་ཡོངས་སུ་རྫོགས་པ་དང་། མུས་ཆེན་སངས་རིན་དང་རྔོག་བསོད་ནམས་བསྟན་འཛིན་རྣམས་ཀྱི་ཡིག་སྟེང་ནས། དུད་སོལ་ཕྱི་སྒྲུབ་དང་། གསང་སྒྲུབ་ཀྱི་རྗེས་གནང་། སྔགས་འཆང་སྟེང་ནས་ཞལ་བཞི་བསྙེན་དུས་དང་། མཚར་མཛད་ཕོ་ཉ་མྱུར་མགྱོགས་སོགས་ཀྱི་སྟེང་ནས་སྒྲུབ་དུས་ཐུན་མིན་གཉིས། དཀར་པོ་ཚེ་འཕེལ་ཐུན་མིན་གཉིས་རྣམས་ཀྱི་རྗེས་གནང་། སྔགས་འཆང་ཡིག་སྟེང་ནས་དམག་ཟོར་རྒྱལ་མོའི་རྗེས་གནང་། ཚར་ཆེན་ངག་ཆོས་སོགས་ཀྱི་ཡིག་སྟེང་ནས་བེག་རྩེ་ལྕམ་སྲིང་དང་། ཚར་ཆེན་སོགས་ཀྱི་ཡིག་སྟེང་ནས་ཐུན་མོང་མ་ཡིན་པ། སྔགས་འཆང་ཡིག་སྟེང་ནས་དཀར་བདུད་ལྕམ་དྲལ། གྲྭ་མངོན་ཛམ་དམར་རྣམས་ཀྱི་རྗེས་གནང་། ལུང་གི་སྐོར་ལ་ཨ་མེས་ཞབས་ཀྱི་གདུང་རབས་རྣམ་ཐར་