R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༧
[A:༤༢༧]བུ་སྤུན་ལ་རྒྱལ་ཆེན་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་སོགས་ཟབ་ཆོས་འགའ་ཞིག་འཆད་རྒྱུའི་དབུ་ཚུགས་ཉེའི་ཚེས་ཀྱི་ཉིན་སེ་འབྲས་དགེ་འདུན་པའི་གྲས། སོག་པོ་དགེ་སློང་བློ་བཟང་བཀྲ་ཤིས་གངས་རིར་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་ལ་འབྱོན་འདོད་ཅན་ནས། དངུལ་ཕོར་ཆུང་དུ་འབྲུ་བཟང་གིས་གང་བ་ཞིག་དང་། མཛོད་བཏགས་དཀར་ཐུང་དྲི་མེད་ཞིག་བྱིན་ཞིང་། ཚེས་༤ཀྱི་བཞིའི་སེར་ཆེན་རྗེས་གནང་དྲག་པོའི་བཀའ་གཏད་བཅས་བགྱིད་རྒྱུའི་སྔ་དྲོ་བདེ་མཆོག་ནས་ལུག་ཤ་ཁོག་བཟང་ཞིག་བསྐྱལ་ཞིང་། རྗེས་གནང་གྲུབ་འཕྲལ་འཆར་ཅན་གཞུང་ས་མཆོག་གི་དབྱར་མཇལ་བཀའ་ལན་རྣམས་འབྱོར་བ་དང་། མཛོད་པར་དག་སྣང་རྒྱུད་བསྐུལ་འདྲ་མོ་སྐྱེས་ཏེ་དཔལ་ས་སྐྱ་པའི་མཛོད་ནག་ཏུ་འཇོག་རྒྱུའི་གསེར་རྡོ་ཚད་དར་ཚོན་སྣ་ལྔའི་འདོགས་བཅས་དང་། དངུལ་རྡོ་ཚད་རྟ་རྨིག་མར་གྲགས་པ་བརྒྱ་ཐམ་པ། ཚེས་དྲུག་ཉིན་རྣམ་སྲས་མཐིང་གའི་རྗེས་གནང་བྱེད་སྐབས་བསྐྱལ་ཞིང་། ཚེས་བདུན་གྱི་གར་མཁན་མཆོག་ལྗང་གུའི་རྗེས་གནང་ཉིན་གོང་གི་དགེ་སློང་དེས་ཐོད་པ་མཚན་ལྡན་ནང་འབྲུ་དང་གླང་པོ་ཆེའི་ཤ།། ཀླུ་སྨན། དྲི་བཟང་། མེ་ཏོག་ཙམྤ་ཀས་གང་བ་དང་། ངོས་གསུམ་ལ་མ་ཧེ་ཉྩེ་བཟང་བ་རེ་བྱིན་བྱུང་ཞིང་། ཚེས་དགུ་ཉིན་རྣམ་སྲས་ཡང་གསང་ལས་མཁན་མདུང་དམར་ཅན་གྱི་རྗེས་གནང་ཉིན། འབྲས་ལྗོངས་ས་མཐའ་རྒྱ་ལི་ཙ་བྱུ་རུ་ནས་གོརྵའི་བློན་པོ་ཛོ་ཥ་མོ་ལོ། བསུར་པ་ཤི་བ་