R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༨
[A:༤༢༨]དྲ། སུ་པ་ཥ་དེ་བཅས་ཀྱིས་ཁོང་རང་གི་དོན་དག་ཡི་གེ་རྟེན་ཕྲན་བཅས་བསྐུར་བ་ནས་ཚིག་རིས་འདི་ལྟར་འདུག་སྟེ། དུས་གསུམ་སངས་རྒྱས་བོད་ཁམས་ས་སྟེང་གནམ་འོག་གི་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཁྱེད་ཀྱི་ཕྱག་ན་ཡོད་དོ། །བོད་ཁམས་ཀུན་གྱི་རྒྱལ་པོ་ལས་ལྷག་པ། ས་སྐྱ་བླ་མ་ཁྱེད་ཡིན་ནོ། །ཟེར་བ་འདུག་པས། རྗེས་གནང་འདི་སྐབས་ཡོང་དོན་མེད་པའི་ཚིག་སྒྲ་ལ་ཉེ་བཟང་བ་དང་། ཚོང་དཔོན་དོན་གྲུབ་དབང་རྒྱལ་ཟེར་བ་རོགས་སུ་འདུག་ཅིང་། མི་སྣ་དམག་དཔོན་ཡིན་ཟེར་བ་དེའི་མིང་། ས་ཐུམ་ཤི་ཥ་ན་ཥ་ལུ་ཥེ་ཟེར་བའི་ལུ་ཥེ་དེ་ཆེ་མིང་ཡིན་ཟེར་བ་དང་། གྲྭ་པ་ཡིན་ཟེར་བའི་མི་སྐྱ་དཀྱུས་མའི་ཆས་ཅན་དེའི་རུས་མིང་ལ། བན་པ་ན་དེ་དང་། མིང་དངོས་རམ་བུ་ཏི་ཛ་ཤི་ཟེར་བ་གཉིས་ཀྱང་ངོས་འཕྲད་ཐོག་གང་ཅིའི་འཕྲོས་བཏང་བས། བླ་མ་ཁྱེད་དང་མཇལ་ནས་ལྟོགས་པའང་མེད། སྐོམ་པའམ་མེད། སྡིག་སྒྲིབ་ཐམས་ཅད་ཀྱང་དག་སོང་། བཀའ་གང་གནང་རྒྱུ། ཞེས་སྐད་གཉིས་པ་བོད་མིང་གཏམ་ཐོམ་མེ་བ་དེ་ནས་ཟེར་རོ། །ཞེས་གསུངས་པ་བཞིན་དང་། ཟླ་བ་དེའི་ཉེར་ལྔར་དཔལ་ལྡན་བླ་མ་དམ་པའི་དུས་ཆེན་མཁའ་འགྲོ་འདུ་བའི་ཚེས་ནས་དབུ་བཟུང་སྟེ། བདུན་ཕྲག་གཅིག་ལྷ་ཆེན་སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ཁྱམས་སྟོད་དུ། མཆོད་རྗེས་གཟབ་མ་མ་ཚང་མེད་པར་འདུ་བགྱིས་ཏེ། འཇམ་མགོན་ཁྲི་ཕེབས་པ་མཆོག་གི་དབུ་གཡས་གཞུང་སྐྱོར་བ་རྣམས་ནས་སྔོན་མ་ཚུགས་དུས་ཇི་བཞིན་དང་། བསྙེན་བཀུར་སྟོན་མོ་འགྱེད་སོགས་ཡང་དག་བཀའ་ཡིས་འདོམས་ཏེ། ལོག་པར་སྨྲ་བ་