R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༡
[A:༤༣༡]བརྒྱའི་བྱིན་རླབས། གདུང་རབས་ས་སྐྱ་བཀའ་འབུམ་གྱི་ལུང་གང་འགྲོ་དང་། ཡང་རྗེ་ཉིད་མཛད་ཀྱི་གྲངས་སོགས་ལྗགས་ལུང་ཕོན་ཆེ་བ་དེ་ནས་སྨིན་ཟླའི་བཅུ་གཅིག་ཉིན་ཕྱུག་པོ་དབུ་རྩེའི་ནེའུ་གསིང་དུ་ཤར་གཟིགས། རི་བྱ་སྡེར་མ་ལྷོ་གཟིགས། ཕྱག་འཚལ་སྒང་མཆོད་རྟེན་དུ་ནུབ་གཟིགས། ག་ར་ཞིང་གསར་དུ་བྱང་གཟིགས་བཅས་ལྷོ་བྱང་ཆ་སྙོམས་ཏེ། བྱང་པས་ལྷ་བསངས་རྒྱས་པ་སྔོན་འགྲོའི་སྨེ་བརྩེགས། དེའི་གྲིབ་གླུད། བརྒྱ་བཞི་རྣམས་མཛད་པའི་གླུད་རྣམས་ཕྱོགས་བཞིར་བརྫངས་པ་གནང་། ལྷོ་པས་གཏོར་མ་བརྒྱ་རྩ། འབྱུང་བཞི། ཆ་གསུམ། སོ་འབྲང་། ཏོག་གཟུང་། གཙུག་ལག་མདོ་བཞི་རྣམས་ཀློག་འདོན། གནས་བརྟན་ཕྱག་མཆོད། བསམ་མྱུར་མ། སྒྲོལ་བཟློག་རྣམས་སྨིན་རྒྱས། མགོན་ཁང་མཚན་ཐོགས། བོན་གྱི་ཕྱཱ་འགུགས། སྒྲོལ་མ་དང་གསེར་འོད་མཚན་འདོན་རྣམ་རྒྱལ་སྟོང་མཆོད་སོགས་རིམ་གྲོ་རྒྱ་ཆེར་སྔོན་འགྲོའི་དམར་ཕྱོགས་དགའ་བ་གཉིས་པའི་སྲོད་ཀྱི་ཆ་མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ་གསང་ཁོག་ཏུ། གཉའ་ནང་སྔོ་རའམ་དོ་མ་ར་ཡང་གྲགས་པའི་བདག་མོ་འཆི་མེད་དཔལ་འབྱོར་བཟང་མོར་གྲགས་པ་གང་གི་རིགས་སྲས་སྐུ་མཆེད་ཀྱི་ཁབ་ཏུ་བཞེས། མཚན་གྱི་མངའ་གསོལ་ཡང་ཡབ་རྗེ་མཆོག་ནས་མཛད། རྣམ་ཐར་རྩ་བ་ཞལ་གསུངས་མ་ལས། བཅོ་བརྒྱད་པ་ལ་དབུས་འགྲུལ་ཆེན་མོའི་ཐོག །འགན་འཁུར་མ་དགོས་བཟོས་བདེ་གུ་ཡངས་སྐབས། །ལུས་སེམས་སྐྱིད་པོ་ཁོ་ནའི་ངང་ལ་སོང་། །ཞེས་པ་ལྟར་དགུང་གྲངས་བཅོ་བརྒྱད་པར་རྗེ་