R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༢
[A:༤༣༢]རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ། རྗེ་བཙུན་དྲུང་འཆི་མེད་བསྟན་པའི་ཉི་མ། བདག་མོ་འཆི་མེད་དཔལ་འབྱོར་བཟང་མོ། སྐུ་ཞང་འགྲོ་མགོན་པ་དང་། ཆོས་ལུང་པ་གཉིས་མཛོད་པ་གསོལ་གཟིམས་སོགས་དྲུང་རིགས། བན་ཚང་པ་སོགས་དཔོན་གཡོག་སྐབས་སུ་བབས་པ་དང་བཅས། གཙོ་ཆེན་གོང་ས་ཕྱག་ན་པདྨོ་འཆང་བ་མཆོག་གི་མཇལ་ཕྱག་དང་འབྲེལ་གང་གི་རིགས་སྲས་ཟུང་ཁྲིར་ཕེབས་གསར་འཇགས་ལེགས་འབུལ་གྱི་སྐྱེས་དང་། ཆབས་ཅིག་ཇོ་ཤཱཀ་རྣམ་གཉིས་སོགས། གཙང་དབུས་ལྷོ་བྱང་གི་གནས་རྟེན་རྣམས་ལ་མཆོད་འབུལ། དགེ་འདུན་གྱི་སྡེ་རྣམས་སུ་བསྙེན་བཀུར་དང་། སྐྱེ་བོའི་ཚོགས་ལ་ཟང་ཟིང་དང་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱ་བའི་སླད་དུ། འདི་ག་གདན་ས་ཆེན་པོ་ནས། ལྕགས་བྱི་རྟ་ཟླའི་ཚེས་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བར་ལམ་གྱི་མཛད་སྒོ་རྣམས་གོང་ཡབ་རྗེ་ཀུན་བློས་རྣམ་ཐར་སྐབས་རྒྱས་པར་སྨོས་པ་བཞིན་དང་། ལྷ་ལྡན་དུ་བཞུགས་ཚེར་ལྕང་ཅན་དུ་བཞུགས་ཏེ་ཡབ་རྗེ་རྡོ་རྗེ་འཆང་ཉིད་གདན་ས་ནས་ཕེབས་གོང་ཞབས་སྙུན་ཚུལ་བཞེས་པ་བར་ལམ་ཕལ་ཆེ་དྲག་སྐྱེད་བཞེས་ཤིང་། སླར་སྟོད་ལུང་ཆབ་ཚན་དུ་ཕེབས་པས་སིང་དྲག་གིས་ནག་ཟླའི་ཚེས་བཅུར། གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་མཇལ་ཕྱག་དང་། ཚེས་བཞི་ལ་ཁྲི་མཇལ་དངོས་གཞིར་སྐུ་མདུན་དུ་མཎྜལ་གསུང་བཤད་དང་བཅས། འབུལ་བ་ཞབས་བརྟན་ཞལ་བཞེས་ཞུ་བ། རྟེན་གསུམ་གྱི་ལྗགས་བཤད་སོགས་མདོ་རྒྱུད་རྒྱ་མཚོ་ཐུགས་སུ་