R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༦
[A:༤༣༦]ཟླའི་བཅུ་གསུམ་ཐོ་རངས། འཇམ་མགོན་ས་པཎ་ཞལ་འཛུམ་ཅན་དང་། ཇོ་བོ་རྗེའི་ཐུགས་དམ་སྒྲོལ་མ་ཞིག་སྒོ་རུམ་ཡེ་ཤེས་མགོན་པོ་གཟི་གདངས་ཅན་དུ་བསྒྱུར་བ་ཞིག་དང་། རྟ་ཟླའི་ཚེས་བཞིའི་ཐོ་རངས། ལྷ་ལྡན་བཅུ་གཅིག་ཞལ་གཙུག་ལག་ཁང་ཡིན་སྙམ་པ་ཞིག་བཞུགས་ཁང་ཧ་ཅང་མི་ལེགས་པའི་ནང་འཇམ་དབྱངས་ཀྱི་སྐུ་ཞིག་གི་སྐུ་པང་ན། རྒྱ་ཁབ་མང་པོ་དང་ཤ་སྦྲང་སོགས་ཡོད་པར། ཡབ་རྗེ་རྡོ་རྗེ་འཆང་ནས་འདི་འདྲའི་བྱིན་རླབས་ལ་ཆོད་གང་ཡོད་རང་རེར་ཡོད་ན་བཞུགས་ཁྱིམ་དགའ་བ་ཞིག་ཆོས་ཡོང་གསུང་མུར། དེ་ན་མགོན་ཁང་ཞིག་འདུག་པར་ཡབ་རྗེ་ཉིད་ནས་འདིར་ལས་གཤིན་གྱི་སྐུ་མཚམས་ཞིག་མཛོད་དང་གསུངས་མུར་ཉིད་ནས། ཨོྃ་ཀ་ལ་རུ་པ་ཧཱུྃ་ཕཊ། ཞེས་གསུངས་མུར། སྐུ་ཡོད་སྙམ་པ་ཞིག་མདུན། ཙནྡན་དམར་པོའི་སྒྲུབ་ཁུང་ནང་ཆུ་ནག་ཐིང་ངེ་ཞིག་གིས་གང་འདུག་དགོངས་པ་སོགས་མནལ་ལམ་ངོ་མཚར་ཅན་འདི་རྣམས། ས་ཆེན་ཀུན་བློས་ཕྱག་རྟགས་ཐོར་འགོད་པར་མཛད་འདུག་པ་ཞིག་ཞལ་བཤུས་པ་ལེགས་ཤིང་། དེ་ཡང་ས་པཎ་གྱི་སྣང་བརྙན་སྒྲོས་གཙང་བ་ཉི་མ་ཤར་བ་དང་བཅས་པ། ས་བསྟན་དར་རྒྱས་ཡུན་བརྟན་དང་། འོན་ཀྱང་ས་བདག་ཀླུ་གཉན་གྱི་གདོན་གནོད་ཐུ་བར། མཉེན་པོར་རྡོ་རྗེ་ཁྱུང་གི་སྒྲུབ་པ་དགོས་པ་དང་། བཅུ་གཅིག་ཞལ་དང་འཇམ་དབྱངས་བཞུགས་ཁང་མི་ལེགས་པ་སོགས་ནི། རིང་མིན་བོད་འདིར་དམག་སོགས་ཀྱི་རྐྱེན་པས་རྒྱལ་དབང་ཡབ་སྲས་སོགས་ཀྱི་མཛད་འཕྲིན་ལ་ཅུང་ཟད་གནོད་འགལ་ཆེ་བར། ཉིད་ནས་ལས་གཤིན་ནི་མཚོན་