R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣༩
[A:༤༣༩]དག་ཞིང་ལ་དགོངས་སྐུ་གེགས་བཟློག་མེད་ཀྱི་རྣམ་པ་ཤར་བ་ལ་རྗེ་ཡབ་སྲས་ནས་རྙིང་མ་རྒྱུད་འབུམ་ཚར་ལྔ་བཅུར་ཉེ་བ་གསུངས་སྒྲོགས་གནང་ཞིང་། སྒོ་རུམ་སོགས་སུ་བསྐང་འཕྲིན་ལ་ཉིན་གྲངས་དུ་མ་ཐུགས་གཞོལ་བའི་སྐབས་སོ། །དགུང་གྲངས་ཉེར་གཅིག་པ་ལ་ཡབ་རྗེའི་བཀའ་བཞིན་དུས་མདོས་ཆེན་མོའི་རྡོ་རྗེ་སློབ་དཔོན་མཛད་ཚུལ་རྣམ་ཐར་རྩ་ཚིག་ལས། ཉེར་གཅིག་པ་ལ་ཡབ་རྗེའི་བཀའ་བཞིན་དུ། །ས་སྐྱའི་དུས་མདོས་ཆེན་མོའི་སློབ་དཔོན་བྱས། །དེ་ཚེ་ཉེར་གསུམ་དུས་མདོས་གྲོལ་སྔ་བས། །ཡབ་རྗེ་ཅུང་ཟད་དགོངས་པ་མ་དགྱེས་ཏེ། །བདག་ལ་རྡོ་རྗེའི་བཀའ་ནན་འདི་ལྟར་ཕེབས། །འོ་བྱུང་དེ་རིགས་མདོས་ཆེན་དབྱངས་རེས་ནི། །ངེད་རང་ཚོགས་ལ་འགྲོ་སྐབས་གཉན་མགོན་གྱི། །དམ་ཚིག་བསྐང་བའི་ཕྱུར་མ་ཙམ་ལས་མདོས། །འདི་བཞིན་གྱིས་ཤིག་རང་རེའི་ཕྱག་ལེན་རྣམས། །མྱུར་དུ་ནུབ་པར་འདུག་གོ་གསུང་བ་ལས། །བདག་ནི་སེམས་རྒྱུད་ངར་བས་འདི་སྐད་ཞུས། །ད་ནང་འཆམ་སྐུ་གདན་འདྲེན་ཁོ་ལ་ཡང་། །གུར་ཕུག་གྲྭ་པ་རིན་ཆེན་སླེབས་མ་བྱུང་། །སྐྱ་བོ་དཔོན་ལ་མགོ་རྐང་སྒྲིག་རྒྱུ་མེད། །བདག་གི་གྲྭ་ཚང་མཆོད་དཔོན་ཁོ་པ་ལ། །འདི་རྣམས་ངེད་ལ་བརྙས་བཅོས་ཡིན་ངེས་པས། །བརྒྱ་ཕྱག་ཁོལ་ལ་ཚོགས་དཀའ་གཅོད་བྱས་ཀྱང་། །བརྒྱ་ཕྱག་ཡིན་ཟེར་སྒུར་ཙམ་སུ་ཡིས་འགེལ། །ཚོགས་སྐལ་གཅོད་པ་ཡང་ནི་སུ་ཡིས་བྱེད། །འདི་ཚོའི་ཁ་ཡ་བདག་གིས་མི་ཡོང་ཞེས། །ཞུས་པས་ཡབ་རྗེའི་བཀའ་ལས་འདི་སྐད་གསུངས། །ཧ་ཅང་ངན་ལངས་བཏང་བའི་སྐྱོན་འདྲ་བས། །བཅའ་ཡིག་དེ་ཡི་འབྲུ་སྣོན་དགོས་པར་འདུག །གསུངས་པའི་དོན་