R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༡
[A:༤༤༡]དེ་རིང་ཁྱེད་ཀྱི་སྔགས་དཔྱངས་རིང་མོའི་སྐབས། །ངེད་ཀྱིས་བཟླས་པ་ལྔ་བརྒྱ་སོང་ཞེས་གསུངས། །ཧ་རེ་རྡོ་རྗེ་མཛད་ནས་བཞད་སྒྲ་བཅས། །གཟིམ་སྤྱིལ་སྒྲུབ་ཁང་ཆེ་ལ་ཕོགས་སོང་ལགས། །ཞེས་པ་ལྟར་མཛད་ནས། རྒྱལ་ཟླའི་ནང་རྒྱལ་བ་ཚེ་མཐའ་ཡས་པའི་ལྗགས་བསྙེན་ཟླ་གང་མར་གཞོལ་བར་མཛད། འདི་སྐབས་ཡབ་རྗེ་ཀུན་བློ་ཉིད་འདི་གའི་གདན་སའི་སྐུ་རིམ་ཆེན་མོའི་ཟོར་འཛིན་མཛད་རྒྱུའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྗགས་བསྙེན་ཟླ་གསུམ་མར་བཞུགས་སྐབས་དང་། རྡོ་རྗེའི་སྐུ་ལ་རྟག་བརྟན་གཞོམ་གཞིག་བྲལ་ཡང་། སྙིགས་དུས་ཀྱི་སེམས་ཅན་རྣམས་བསོད་ནམས་དམན་པས། ཞབས་འབམ་ཆབ་བསགས་སོགས་མཐའ་མའི་སྙུན་གཞིའི་འགོ་བཞེས་པར། གཞུང་སྒེར་ནས་ཞབས་བརྟན་རྒྱ་ཆེར་འབད་སྒྲུབ་མཛད་ཀྱང་དྲག་སྐྱེད་མ་བཞེད་པར་བརྟེན་རྗེ་ཉིད་སོགས་ནས། ཟླ་མཇུག་སྐུ་རིམ་ཆེན་མོར་ཡང་མ་ཕེབས་ན་ཇི་ལྟར་ལགས་ཀྱི་སྙན་ཞུ་མཛད་པའི་ཕྱིར་ཕེབས་སུ། སྤྱིར་ལྷག་པ་ལྷའི་ལྗགས་བསྙེན་ཡང་དག་དོན་ལྡན་སྙུན་གཞི་མཐུ་མེད་དེ་ལྟ་བུར་ཇི་སྙམ་དུ་ཡང་མི་སེམས་པར་སྐུ་སྲོག་ཕངས་མེད་དུ་མཛད་པའི་འབྲས་བུ་མཐར་ཕྱིན་པ་དང་། ཡང་སྒོས་རྗེ་བཙུན་ས་སྐྱ་པའི་གདུང་རབས་ཕྱིས་འབྱུང་འདི་བཞིན་མཛད་མཁན་རྣམས་ལ་སྲི་ངན་གྱིས་མི་བརྫི་བའི་ཕྱིར། ད་ལམ་ཅིས་ཀྱང་ཕེབས་དགོས་གསུངས་ཏེ་ཕུར་བཟློག་གི་ཚོགས་དབུ་རྡོ་རྗེ་སློབ་དཔོན་གནང་སྐབས་ཀྱང་ངོ་མཚར་རྫུ་འཕྲུལ་གྱི་མཛད་པ་འདི་ལྟར་མཐོང་སྟེ། སྙུན་གཞི་དེ་ལྟ་བུ་ལ་ནི། འཇིག་རྟེན་ན་སྐྱེ་བོ་ཕལ་ཆེ་དྲག་ཞན་ཇི་སྙེདཔ་