R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༥
[A:༤༤༥]ཟར་སྤུར་སྦྱོང་དང་། གདུང་རུས་རྣམས་བཏུལ་ཏེ་སཙྪ་དྲི་མེད་སྙིང་པོ་ཅན་འབུམ་བརྒལ་བ། བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་བཅས་ཀྱི་སྐུ་སྤར་གྲངས་མེད་བཏབ། ཆོས་ལྷུན་རི་སྒང་སྔགས་དྲུག་སོགས་ནས་བླ་མཆོད། སྨོན་ལམ། གསོལ་འདེབས་ལེ་ཚན་རྣམས་ལ། རྟག་འགྲུས་དང་། མང་ཇ། བརྒྱ་མཆོད། སྟོང་མཆོད། སྙན་ཤལ་སོགས་ནི་གྲངས་ལས་འདས་པ་བཅས། འཇམ་མགོན་དབང་གི་མཚན་འཆང་ཉིད་མཛོད་པ་བཅས་ནས་བཀའ་འཁོར་གྱིས་འདོམས་པར་མཛད་ཅིང་། གཞན་ཡང་སྐབས་དེར་གདན་སར་བཞུགས་མུས། ཡབ་རྗེ་དམ་པ་གང་གི་དངོས་སློབ། ཡར་ཀླུངས་མཆོག་སྤྲུལ་ནམ་མཁའ་ལེགས་པ་མཆོག་ནས་བདུན་གསུམ་རིང་གི་ཀྱཻ་རྡོར་སྒྲུབ་མཆོད། བཅོ་བརྒྱད་མཆེད་སོགས་ནས་ཀུན་རིག་སོགས་དགོངས་པ་ཟབ་མོ་རྫོགས་ཐབས་རྒྱ་ཆེ་རྒྱུན་འཁྱོངས་སུ་མཛད་སྐབས་སྤྱི་སྒེར་ནས་བསྙེན་བཀུར་ཟབ་མོས་དུས་འདས་ཤིང་། དགུང་ཞག་ཐིམ་ཉིན་མཆོད་སྤྲིན་དང་། དགེ་འདུན་བསྙེན་བཀུར། སྦྱིན་གཏོང་རྒྱ་ཆེར་སོགས་མཛད་སྐབས་རྣམས་སུ་ནམ་འཁའ་མདངས་གསལ་ཞིང་། འཇའ་འོད་འཁྱིལ་བ་དང་། མེ་ཏོག་གི་ཆར་ནི་རྟག་པར་ཁོར་མོ་ཡུག་དང་ལོ་ལྟར་དུས་དྲན་གྱི་ཐོག་ཏུའང་འབབ་པ་སོགས་ཞིབ་ཆ་གོང་ཡབ་རྗེ་མཆོག་གི་རྣམ་ཐར་བཞིན་དང་། གཞན་ཡང་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན། དབུས་གཙང་མངའ་རིས་ལྷོ་ཕྱོགས་གནས་རྟེན་རྣམས་ལ་མཆོད་འབུལ། གོང་གསལ་དེ་རྣམས་ཀྱི་དགོན་གྲུབ་མཐའ་རིས་མེད་བཞི་བརྒྱ་བརྒལ་ཙམ་ལ། མང་འགྱེད་བསྙེན་བཀུར། ས་