R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༦
[A:༤༤༦]ལུགས་ངོར་མུས་ཡར་ལུང་གོང་དཀར་སོགས་སྔགས་དགོན་རྣམས་སུ་རྒྱུད་སྡེ་ཁག་གི་སྒྲུབ་མཆོད་དགོས་ཆ་བཅས་པ་རྒྱ་ཆེ་བ་དང་། རྒྱལ་དབང་ཡབ་སྲས། དགེ་ལྡན་ཁྲི་པ། གླིང་ཁག་གི་ཧུ་ཐོག་ཐུའི་རིགས་སོགས་དང་བར་གྱི་སྤྲུལ་སྐུ་རྣམ་གསུམ། ཡབ་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་དབུ་བླ་ཁག་སོགས་ཟུར་འབུལ་འོས་པ་རྣམས་ལ་བསྔོ་རྟེན་མཚན་གྲངས་ན་བཟའ་སྐོར་སྤྱད་སོགས་རྒྱ་དཔངས་ཆེ་བ། ཁྱད་པར་དངུལ་སྲང་ཆིག་སྟོང་ཆིག་བརྒྱ་རེ་བདུན་ཞོ་དྲུག གསེར་སྲང་བརྒྱད་ཅུ་གྱ་བརྒྱད་དང་ཞོ་ཕྱེད་བརྒྱད་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་ཕྲ་རྒྱན་གྱིས་ཕྱུག་པ་དང། འདྲ་སྐུ་རིན་པོ་ཆེ་གསར་བསྐྲུན། ལྷ་ཆེན་ཁྱམས་སྟོད་དུ་རྒྱལ་བ་ཚེ་མཐའ་ཡས་པའི་སྣང་བརྙན། རྒྱ་དངུལ་རྡོ་ཚད་བརྒྱ་རྩར་ཉེ་བ་ལས་གྲུབ་པ་བཅས་སུ་གོང་གསལ་སྤུར་ཆ་གདུང་རུས་སོགས་བྱིན་རྟེན་སྣ་མང་བཅས་བཞུགས་པ་དང་། རབ་གནས་ཐང་སྟོན་སེར་འདུ་བཅས། ལོ་ལྟར་གྱི་དུས་དྲན་གྱི་མཆོད་པར་འཇིགས་བྱེད་རྭ་ལུགས་བཅུ་གསུམ་མའི་སྒྲུབ་མཆོད་དང། ལྷོ་པས། སྡོམ་གསུམ་རབ་དབྱེ། ཁ་སྐོང་རྣམ་འགྲེལ་གྱི་གཞུང་སྐྱོར། སེར་ཚོགས་བཅས་ཇི་སྲིད་བར་སྒྲུབ་བཞིན་པ། འདི་རྣམས་གསར་བཙུགས་སོགས་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་ཚུལ་སོགས་ཞིབ་པ་གོང་ཡབ་རྗེའི་རྣམ་ཐར་སྐབས་སུ་སྨོས་ཟིན་པ་བཞིན་དེ་སྐོར་གྱི་རྣམ་ཐར་མདོར་བསྡུས་ཞལ་གསུང་མ་ལས། ལོ་དེའི་སྣྲོན་ཟླ་ཕྱི་བཤོལ་ཚེས་གཉིས་ཉིན། །སྐྱབས་གཅིག་ཡབ་རྗེ་གྲུབ་པའི་དབང་ཕྱུག་ཉིད། །དགོངས་པ་ཆོས་ཀྱི་