R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༤
[A:༤༤༤]པའི་ནོར་བུ་བོར་བའི་དུས་མཐོང་བའི་སྐབས་སུ་ཁོ་བོ་ས་སྐྱ་པའི་གཟུགས་བརྙན་འུ་ཐུག་ཅིང་། ཧོན་འཐོར་བ། སྐལ་པ་དམན་པ། མྱ་ངན་དྲག་པོས་ནོན་པ་ཁོས་ངུ་མ་ལབ་ཀྱིས་སུག་བྲིས་སུ་བགྱིས་པ་འདིས་དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་། བདག་སོགས་སེམས་ཅན་ཐམས་ཅད་སྡུག་བསྔལ་དྲག་པོ་ལས་གྲོལ་བའི་རྒྱུར་གྱུར་ཅིག ཞེས་གསུངས་པ་ལྟར་དང་། དགུང་ཞག་རིང་འཇམ་མགོན་སྐུ་མཆེད་ནས། དཔལ་འཁོར་ལོ་བདེ་མཆོག་གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་ནས་མཁའ་སྤྱོད་མའི་སྒྲུབ་མཆོད། བཙུན་མོ་ཨ་ཎི་དྲུང་ཀུན་སྐྱིད་ལགས་ནས་ཀྱང་། དགོངས་རྫོགས་སྒྲུབ་མཆོད་ཆོས་སྡེ་ལྷོ་བྱང་འདུས་ཚོགས་རེས་སྐོར་གྱིས། ཀུན་རིག ཀྱཻ་རྡོར། གསང་འདུས། འཇིགས་བྱེད་རོ་ལངས་བརྒྱད་སྐོར། བདག་མེད་མ། ཕུར་པ། གུར་དྲག་རྣམས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་མཆོད་པའི་ཚོགས་རྒྱ་ཆེན་དང་བཅས། དཀྱིལ་འཁོར་གྱི་གཙོ་བོ་རྣམས་དང་། རིགས་བདག་ཡབ་རྗེ་རྡོ་རྗེ་འཆང་ཉིད་དབྱེར་མེད་པར། སྒྲུབ་ཅིང་མཆོད་བསྟོད་གསོལ་བ་འདེབས་པ། བདག་འཇུག་དབང་བཞི་ལེན་པ་སོགས་དང་། སྐུ་སྤུར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར། ཚོམས་དམར་དུ་མཆོད་ཚོགས་དབུས་སུ་གདན་དྲངས་ཏེ། ཞལ་ངོ་རྣམས་ཀྱིས་མཚོན་ཉེ་འཁོར་ལྷ་སྡེ་མི་སྡེ་སོགས་ནས་བྱིན་རླབས་ཞུ་བར་མཛད་རྗེས་རྒྱུད་སྡེ་ནས་བཤད་པའི་སྐུ་གདུང་ཆས་བཞུགས་ཀྱི། ལྷ་ཁང་མཁན་ཆེན་སོགས་ནས་དུས་མཐའི་ཆོ་གའི་སྒོ་ནས་བྱིན་