[A:༤༤༩]གསར་བ། །རྒྱལ་བ་མུས་པ་རྗེ་དང་འཇམ་དབྱངས་བཞད། །བློ་གྲོས་འོད་ཟེར་ཀུན་དགའ་རབ་རྒྱས་མཚན། །བཟང་ལྡན་སློབ་དཔོན་ཁྱབ་བདག་ཞྭ་ལུ་བ། །བྱམས་པ་རིན་ཆེན་སྦྱིན་པ་ཆོས་འཕེལ་དང་། །བཤེས་གཉེན་ཆེན་པོ་ངག་དབང་དགེ་ལེགས་ཞབས། །བཀའ་དྲིན་མཉམ་མེད་བསྟན་པའི་རྒྱལ་མཚན་སོགས། །རང་ལུགས་བླ་མ་མང་པོས་རྗེས་སུ་བཟུང་། །པདྨ་མཁྱེན་བརྩེ་པད་མ་བཤེས་གཉེན་དང་། །གྲུབ་དབང་ན་བཟའ་པ་དང་ཇ་ལུང་བ། །འགྲོ་བའི་མགོན་དང་རིག་འཛིན་རྡོ་དམར་བ། །རྒྱང་མཁར་རྗེ་དང་འཇིགས་མེད་གོ་ཆའི་ཞབས། །སྣང་མཛད་རྡོ་རྗེ་རྣལ་འབྱོར་སྐད་གཏོང་བ། །ཧེ་རུ་ཀ་དཔལ་མ་ཧེ་ཆེན་པོ་དང་། །རིག་འཛིན་སྙིང་རི་བ་སོགས་མང་པོ་ལ། །གསང་ཆེན་རྙིང་མའི་ཆོས་དང་བོ་དོང་ཆོས། །རྒྱལ་བ་འབྲུག་པའི་དམ་ཆོས་མང་དུ་ནོས། །ཞེས་གསུངས་པ་ལྟར། ངོར་ཆེན་ཀུན་དགའ་བསོད་ནམས་ལས་རྒྱུན་གྱི་ཐུགས་དམ་རིགས་ཁ་གསོ་དང་། ཚེ་དབང་ཙམ་གསན་ཡོད་ན་ལས་རྒྱ་ཆེར་མ་གསན། ངོར་ཁང་གསར་བསོད་ནམས་བསྟན་འཛིན་ལས་ཞལ་སྤོད་ནོར་བུའི་དོ་ཞགས་དཀར་ཆག་གི་ཟིན་པ་དང་མ་ཟིན་པ་ཡོངས་རྫོགས་ཀྱི་ལུང་གསན་པ་དང་། མུས་ཆེན་གྲུབ་པའི་དབང་ཕྱུག་ཆོས་ཉིད་ཡེ་ཤེས་ལས། གསང་འདུས་འཇམ་རྡོར་བཀའ་བབས་དགུ་ལྡན། གསང་འདུས་ཇོ་ལུགས་སྤྱན་རས་གཟིགས། བདེ་མཆོག་ལོ་ཧི་པ། དྲིལ་བུ་ལུས་དཀྱིལ། འཇིགས་བྱེད་ས་ལུགས་དང་རོ་ལངས་བརྒྱད་སྐོར་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མ་རྣམས་ཀྱི་དབང་ཆེན། རྭ་ཁྲིད་མཁའ་འགྲོ་སྙན་