R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༠
[A:༤༥༠]བརྒྱུད་སོགས་དང་དཔའ་གཅིག་གི་རྗེས་གནང་དང་། དུག་དབང་མ་གཏོགས་པའི་རྭ་སྤོད་རྣམས་ཀྱི་ལུང་དང་། ལས་གཤིན་ལྷ་བཅུ་གསུམ་མ། དཔའ་གཅིག་ཁྲག་མདོག་ཡབ་ཡུམ། བསེ་བྱ་བཞི་སྐོར། འཇིགས་བྱེད་སྔགས་བཏུ་རྣམས་ཀྱི་རྗེས་གནང་བཅས་གསན། ཐུགས་རྗེ་ཕྱག་ཆེན་ཟུང་འཇུག་གི་རྗེས་གནང་། དམར་ཁྲིད་ཚེམ་བུ་ལུགས། རྒྱལ་པོ་ལུགས། མ་ཎི་བཀའ་འབུམ་གྱི་ལུང་དང་བཅས་པ། སྨིན་གླིང་ཐུགས་ཆེན་འགྲོ་བ་ཀུན་སྒྲོལ། བྱང་གཏེར་འཁོར་བ་དོང་སྤྲུལ་རྣམས་ཀྱི་དབང་ལུང་ཁྲིད་གསུམ་ཚང་བ། གཤེད་དམར་ལྷ་ལྔའི་དབང་ཆེན་སྤྲོས་མེད་ཉམས་ཁྲིད་ཡིག་ཆ་རྣམས་ཀྱི་ལུང་དང་བཅས་པ། ཟབ་ལམ་ནི་གུ་ཆོས་དྲུག་གི་དབང་བྱིན་རླབས་ཉམས་ཁྲིད་རྒྱབ་རྟེན་ལུང་དང་བཅས་པ་ཆ་ཚང་། ཚེ་དབང་གྲུབ་རྒྱལ་མ། བླ་མ་ཞི་ཁྲོ། ཚེ་དབང་ལྕགས་སྡོང་མ། མདའ་འཕེལ་མ་རྣམས་ཀྱི་དབང་དང་། གུར་མགོན་ལྷ་དགུའི་རྗེས་གནང་སྔོན་འགྲོའི་གསང་ཁྲིད་གསན་པའི་བརྒྱུད་པ་ནི། གནས་གསར་པ་ཀུན་དགའ་ལེགས་བྱུང་ནས། མུས་ཆེན་བསོད་ནམས་དཔལ་བཟང་། ཞེ་དགོན་མཁན་པོ་རྗེ་དགེ་འདུན་བསྟན་འཕེལ་དེ་ལས་མུས་ཆེན་གྱིས་གསན། མགོན་པོད་མེ་འབར་མ། ཁ་སྐོང་། སྙན་བརྒྱུད། ཁྱི་ལྗང་ངུར་པོད་རྣམས་ཀྱི་ལུང་གསན་བརྒྱུད་པ། ས་ཆེན་ཀུན་བློ་ནས་རིན་ཆེན་རྒྱལ་མཚན། བྱམས་པ་བསྟན་འཛིན་དེ་ལས་མུས་ཆེན། ལྷ་ཆེན་མཁན་པོ་ཀུན་དགའ་རབ་རྒྱས་ལས། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་ཆེན་དང་། མགོན་པོ་ཞལ་གྱི་ཚེ་སྒྲུབ་གུར་བདུན་མ་དང་།