R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༡
[A:༤༥༡]གསང་ཁྲིད་སོགས་གསན་པ། བརྒྱུད་པ་ས་ཆེན་ཀུན་བློ་ནས། སྡེ་དགེ་སྨན་བླ་དཀོན་མཆོག་གྲགས་པ་ལས་ཀུན་རབ་ཀྱིས་གསན་འདུག འཇམ་བཞད་དངོས་སློབ་བློ་གྲོས་འོད་ཟེར་ལས་ཞལ་རྣམ་འགྱུར་གཅུན་སོགས་ཀྱི་རྗེས་གནང་རྣམས་དང་། འཇམ་དབྱངས་བཞད་པ་སྐུ་གོང་མ་ལས་ཞལ་པོད་ཧ་ལ་ནག་པོའི་བེའུ་བུམ་གྱི་ལུང་གསན། བརྒྱུད་པ་གནས་གསར་ཀུན་ལེགས་ལ་གསན་འདུག ཁྱབ་བདག་ཞྭ་ལུ་པ་མཚུངས་མེད་རིན་ཆེན་སྦྱིན་པ་ཆོས་འཕེལ་ལས། དུས་འཁོར་བྱིས་འཇུག་གོང་མ་གོང་ཆེན་བདག་པོ་ཆེན་པོ་དང་བཅས་པའི་དབང་། དུས་འཁོར་སྡོམ་ཆེན། སངས་རྒྱས་མཉམ་སྦྱོར། སྒྱུ་མ་ཆེན་པོ་ལྷ་ལྔ། དྲིལ་བུ་ལུས་དཀྱིལ་ཕྱག་རྡོར་འཁོར་ཆེན་རྣམས་ཀྱི་དབང་ཆེན་རྡོ་དབྱིངས། རྩེ་མོ། དཔལ་མཆོག་རིགས་བསྡུས། འཇམ་དཔལ་གསང་ལྡན། ཤཀ་སེང་ལྷ་དགུ་སོགས་ཡོན་དཀྱིལ་ཆེན་པོ་རྣམས་ཀྱི་དབང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། བྱ་རྒྱུད་གདུགས་དཀར་ཉེར་བདུན། ཕྱག་རྡོར་འགྲོ་བཟང་ལུགས། དོན་ཞགས་ལྷ་མང་རྣམས་ཀྱི་དབང་ཆེན། རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་། རྣམ་སྲས་ཞི་དྲག་གི་བེའུ་བུམ་གྱི་ལུང་སོགས་གསན། སྡེ་དགེ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་དབེན་པོ། ངག་དབང་དགེ་ལེགས་ལྷུན་གྲུབ་ལས། བཅུ་གཅིག་ཞལ་ལྷ་སོ་བདུན་མ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་པ། ཚེ་དཔག་མེད་གསུང་དཀྱིལ་ལེ་ཚན། ཀྱཻ་རྡོར་བཀའ་བབས་བཞི། གསེར་ཆོས་དམར་པོ་སྐོར་གསུམ་གྱི་བེའུ་