R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༢
[A:༤༥༢]བུམ། དཀར་ཆག་གི་ཟིན་པ་དང་མ་ཟིན་པ་ཡོངས་རྫོགས་ཀྱི་ལུང་དང་དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་གྱི་ལུང་སོགས་གསན། རྒྱུད་པ་ས་ཆེན་ཀུན་བློ་ནས། ཕུར་བླ་སངས་རྒྱས་བཟང་པོ། དེ་ལ་ཁུ་དབོན་གྱིས་གསན། དཔོན་སློབ་བྱམས་པ་བསྟན་པའི་རྒྱལ་མཚན་ལས། ས་སྐྱ་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་སྡེ་སྤར་དཀར་ཆག་བཞིན་གསན། བརྒྱུད་ས་ཆེན་ཀུན་བློ་ནས། ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས། དེ་ནས་ཀུན་རབ་ནས་བརྒྱུད་དོ། །རྡོ་བྲག་རིག་འཛིན་ཡང་ཟབ་པདྨ་བཤེས་གཉེན་ལས་སྨིན་གླིང་འདོད་འཇོའི་བུམ་བཟང་གི་དབང་ལུང་ཚང་མ། རིག་འཛིན་འཇིགས་མེད་གོ་ཆ་ལས། ར་སྟོན་ཕུར་དབང་དང་། གཞུང་པོད་ཀྱི་ལུང་། གཏེར་སྟོན་འཇའ་ཚོན་སྙིང་པོའི་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཉམས་ཁྲིད་ཆོས་སྐོར་རྣམས་ཀྱི་ལུང་དང་བཅས་པ། གཏེར་བདག་གླིང་པའི་གཤིན་རྗེ་དྲེགས་འཇོམས། རྡོ་སེམས། ཨ་རི་ཟབ་དོན་སྙིང་པོ་རྣམས་ཀྱི་དབང་དང་གཞུང་པོད་རྣམས་ཀྱི་ལུང་། རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་། བྱང་གཏེར་བྱིན་རླབས་ཐུགས་དབང་ཡང་ཏིག་གཅེས་སྒྲོན་གྱི་ཉམས་ཁྲིད། ཆོས་ཚན་ཉེར་ལྔ་ཐེམ་ཡོད་སོགས་གཞུང་པོད་ཀྱི་ལུང་། བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་དབང་ལུང་། དྲང་སྲོང་ལོག་ཏྲིའི་དབང་དང་། གཞུང་པོད་ཀྱི་ལུང་། རྙིང་མ་རྒྱུད་འབུམ་ལུང་སོགས་རྒྱ་ཆེན་གསན། ཡོངས་འཛིན་སྐལ་བཟང་བསྟན་པའི་རྒྱལ་མཚན་ལས་བྱང་གཏེར་ཐུགས་སྒྲུབ་དབང་རྒྱས་འབྲིང་སྒྲུབ་སྐོར་ལུང་སོགས་གསན། ཁྱབ་བདག་