R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩
[A:༣༩]དང༌། ངག་ཆོས་ཀྱི་དམ་ཚིག་རྣམ་བཤད་བག་ཡོད་གཏམ་གྱི་བདུད་རྩི་རྣམས་ཀྱི་ལུང་གསན་ནས། དངོས་གཞི་ཉམས་ལེན་ངོར་ཆེན་ཐམས་ཅད་མཁྱེན་པའི་རྒྱུད་གསུམ་མཛེས་རྒྱན་གྱི་སྙིང་པོ་བསྡུས་པ། མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྒྱུད་གསུམ་སྙིང་པོའི་ལེགས་བཤད། བླ་མ་ཕྱི་མས་མཛད་པའི་འཆད་ཐབས་ཀྱི་མན་ངག་བཅས་པའི་སྟེང༌། སྔོན་དངོས་རྗེས་གསུམ་ཚང་བའི་སྒོ་ནས་དབང་གི་ཡེ་ཤེས་ལ་ལོག་རྟོག་དགག་པ་དང༌། འོག་ནས་འབྱུང་བའི་ལམ་ཐམས་ཅད་སྐྱོན་མེད་པར་སྒྲུབ་པའི་སླད་དུ་འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་རྗེ་བཙུན་གྱིས་མཛད་པ་སོགས་ལ་བརྟེན་ནས། རིག་ཐོག་ཏུ་བརྡར་ཤ་བཅད་ཅིང་ཟབ་གནད་ཀྱིས་བརྒྱན་པ་དང༌། ལུས་ཐབས་རྒྱུད་ལ་བུམ་དབང་དང་རྗེས་སུ་འབྲེལ་བ་ཕྱི་བསྐྱེད་རིམ་སེམས་འཛིན་དང་བཅས་པ་གསལ་སྣང་མ་ཐོབ་བར་དུ་སྒོམ་པར་མཛད་ཅིང༌། དེ་སྐབས་རྣམས་སུ་རྩ་རྒྱུད་བརྟག་གཉིས་དང༌། ངོར་ཆེན་གྱི་བསྐྱེད་རིམ་རྣམ་བཤད་གནད་ཀྱི་ཟླ་ཟེར། ཀུན་འཁྱེན་ཆེན་པོའི་མན་ངག་རྣམ་བཤད། བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་སྤོང་གནད་ཀྱི་གསལ་བྱེད། མཁན་ཆེན་ངག་ཆོས་ཀྱི་བསྐྱེད་རིམ་རྣམ་བཤད་རྒྱས་བསྡུས་འཇམ་མགོན་ཨ་མེས་ཞབས་ཀྱི་མངོན་དཀྱིལ་དང༌། ཕྱི་ནང་བསྐྱེད་རིམ་རྣམ་བཤད་དགེས་རྡོར་ཆོས་ཀུན་གསལ་བའི་ཉིད་བྱེད། རྡོར་དྲིལ་རྣམ་བཤད། ཡང་རྡོར་དྲིལ་བགྲང་ཕྲེང༌། དགང་བླུགས་བུམ་པ་རྣམས་ཀྱི་རྣམ་བཤད། ཡང་དེས་མཛད་བཟའ་བ་དམ་ཚིག་གི་རྣམ་བཤད། བདུད་