R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠
[A:༤༠]རྩི་རིལ་བུ་སྒྲུབ་ཚུལ་གྱི་ཡི་གེ་ཕྱོགས་གཅིག་ཏུ་བསྡུས་པ། འཇམ་དབྱངས་བསོད་ནམས་དབང་པོའི་ཀྱཻ་རྡོར་རྣམ་བཤད་ཉམས་རྟོགས་གོང་འཕེལ་དང་བཅས་པ་རྣམས་ཀྱི་ལུང་གསན་ཏེ། རང་གཞན་གྱི་དོན་གང་སྒྲུབ་ཀྱང་ཆོག་པའི་རྡོ་རྗེ་སློབ་དཔོན་དུ་བསྒྲུབས་ནས། ཕྱི་རོལ་ཏུ་ཞེན་པའི་གདོན་གྱི་གཉེན་པོར་རྡོ་རྗེ་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། འཇམ་དབྱངས་བསོད་ནམས་དབང་པོ་དང༌། མཁན་ཆེན་ངག་ཆོས་ཀྱི་མཐའ་དཔྱད་ཟུར་འདེབས་ཀྱི་གནད་འགག་དང་བཅས་པའི་སྟེང་ནས་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་བསྐུར་བ་ཡི་གེ་བརྒྱ་པའི་བཟླས་ལུང་དང་བཅས་པ་གསན་ཏེ། ནང་བསྐྱེད་རིམ་བསྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་དོན་སེམས་འཛིན་གྱི་ཉམས་ཁྲིད་ཀྱི་ལམ་དང༌། ལྟ་བ་གྲུབ་མཐའ་འདའ་ཀ་མ། ཞར་བྱུང་བར་དོ་དང༌། འབྲས་བུ་སྟེ་དོན་ཚན་དྲུག་ལྡན་དུ་གསན། མཁན་ཆེན་ངག་ཆོས་ཡིག་སྟེང་ནས་བདག་མེད་བྱིན་རླབས་ནི་དེ་སྐབས་མ་གསན་པའི་ཚུལ་དང༌། ཁམས་འདུས་པ་ཐོག་མཐའ་བར་གསུམ་རེ་རེ་ལའང་ལམ་ལྟ་བ་གྲུབ་མཐའ་འདའ་ཀ་མ། ཞར་བྱུང་བར་དོ། འབྲས་བུ་སྟེ་དོན་ཚན་དྲུག་དྲུག་གི་སྒོ་ནས་གཏན་ལ་ཕབ་པ་དང་བཅས་དབང་པོ་རབ་འབྲིང་ཐ་མའི་ལམ་ཆ་ཚང་བ་རེ་ཁྲིད་རིམ་དུ་གསན། རྣལ་འབྱོར་དབང་ཕྱུག་བིར་ཝ་པས་རྗེ་བཙུན་བརྩེ་བ་ཆེན་པོར་དངོས་སུ་གནང་བའི་མན་ངག་ས་སྐྱའི་ལྕགས་རིའི་ཁོངས་ལས་ཟབ་ཆོས་བཞིའི་ནང་ཚན་ལམ་ཟབ་ཕྱི་ནང་གསང་གསུམ་ལས། ངག་ཆོས་ཡིག་སྟེང་