R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༤
[A:༤༥༤]ཙཏུརྨུ་ཁ་ལ་སོགས་གསར་རྙིང་གི །ཡི་དམ་ཆོས་སྐྱོང་བསྙེན་པ་མང་དུ་བྱས། །དྲག་སྔགས་ནུས་པ་ཆེ་བའི་ཚད་ཀྱང་བྱས། །ཞེས་གསུངས་པ་ལྟར། སྔོན་དུ་མཛད་ཟིན་པ་དང་། ཕྱིས་ནས་མཛད་པ་འགའ་ཞིག་རྣམ་ཐར་འདི་ཉིད་གོང་འོག་རྣམས་སུ་རགས་ཙམ་ཐོན་པ་ལྟར་དང་ཞིབ་ཆ་ལོ་ཁམས་འདིར་གནང་གི་ཟིན་བྲིས་གསལ་བ་མི་སྣང་བས་འདིའི་མཚོན་ཏེ་ཤེས་པར་བྱའོ། ། དགུང་གྲངས་ཉེར་གཉིས་པ་གདན་ས་འདི་ཉིད་ན་བཞུགས་པའི་བསྟན་ཞབས། མགོན་པོ་དྲུག་ཅུའི་ཟོར་འཛིན་སོགས་གནང་ཚུལ་གོང་འཕྲོས་རྣམ་ཐར་ལས། ཉེར་གཉིས་ལོ་ལ་མགོན་པོ་དྲུག་ཅུ་དང་། །སྐུ་རིམ་ཆེན་མོར་གྲགས་པའི་ཕུར་བཟློག་དང་། །མགོན་མདོས་ཟབ་མ་ལ་སོགས་དུས་རིམས་ཀྱི། །ཟོར་འཛིན་སློབ་དཔོན་ལས་འཁུར་བགྱིས་ནས་སུ། །རྟོགས་པ་མི་མཐོ་མཐོ་མདོག་མང་པོ་བྱས། །བདག་ལ་ལས་ཀྱིས་དེད་པའི་ཆོས་མེད་ཚོས། །གྲུབ་ཐོབ་དཔེ་མེད་ཡིན་པར་ཁས་ཀྱང་བླངས། །དེ་འདྲ་ཞིག་ནས་འགོ་བརྩམས་དབུས་ཕྱོགས་དང་། །ཁམས་ཕྱོགས་རྒྱ་ནག་ཡུལ་སོགས་ཐམས་ཅད་དུ། །འབེན་ཅི་གྲོ་ལོད་སྤྲོ་ཐུང་བདག་ཉིད་ལ། །གྲུབ་ཐོབ་གྲུབ་ཐོབ་ཟེར་བའི་མི་ཁ་དར། །ཞེས་སོགས་གསུངས་པ་ནི་རང་ཉིད་ཁེངས་རློམ་སྐྱུང་བ་དམ་པའི་རང་བཞིན་ལས་གཞན་དུ་ཤེས་བཞིན་སྒྲོ་བཏགས་ཀྱི་གྲུབ་རྟགས་མངོན་ཤེས་རྫུ་འཕྲུལ་ཡོད་སྐད་ཟོལ་ཟོག་རི་བོང་ཅལ་འདྲོགས་ཀྱིས་རྒྱལ་ཁམས་བསྐོར་ཏེ་རྙེད་པ་ཚོལ་ཞིང་གལ་ཆེ་དགོས་དུས་སོགས་ཅི་ཡང་མི་ཤེས་པའི་ལས་འབྲས་རྒྱབ་བསྐྱུར་གྱི་མཐུ་སྟོབས་ཆེན་པོར་རློམས་པ་རྣམས་