R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༦
[A:༤༥༦]ཞིག་དང་། ཚེས་ཉི་ཤུའི་སྔ་ཐུན་གྲོལ་ནས་ངེད་རྣམས་གུང་ཚིགས་ཀྱི་སྐབས་རྡོ་རྗེ་དཔལ་འབྱོར་གྱི་སྒྲུབ་གཏོར་རྣམས་ལ་གཏོར་ཁ་གསོ་སྐབས་སྒྲུབ་ཁང་ལ་རྗེས་དཀར་གཉིས་ཡོད་པས་ནུབ་མར་ཕྱི་ནས་རྡོ་འཕངས་པ་ལྟ་བུའི་ཐེག་སྒྲ་ཤིན་ཏུ་ཆེ་བ་བྱུང་བས་ཉེ་གནས་ཙབ་ཙོབ་ཏུ་གྱུར་ནས་གཏོར་ཁ་གསོ་མི་ཐུབ་པ་ལྟ་བུ་བྱུང་བ་དང་། ཡང་ཉི་ཤུའི་ཉིན་རྩེའི་ཁང་གཉེར་འབའ་ར་ཚེ་འཕེལ་ལ་ད་རང་ནས་མཆོད་དཔོན་པར་བླ་མ་དབུ་མཛད་ལགས་ཀུན་རབ་རྒྱས་ལ་སང་ནས་བཟུང་ཞལ་གྱི་བླ་བརྒྱུད་གསར་བཞེངས་རྣམས་ལ། ཕྱག་ནས་མཛད་པར་ཕེབས་ཞུས་བྱས་པ་ཡིན་ཀྱང་བྱུང་ཡོད་མིན་མི་ཤེས་པས་དེ་ཞུ་བར་རྒྱུག་བྱས་པར། ཁང་གཉེར་ཁོས་མ་ཞུས་པར་ནུབ་མོ་ཤག་ཏུ་བསྡད་ནས་སང་སྔ་བར་ཕྱིན་སྐབས་ཅུང་ཟད་འཚུབ་འགྱུར་གྱི་རྣམ་པས་ཚོམས་ཆེན་འདིའི་འགག་གི་ཉིས་སྐྲས་ལ་མིའི་པང་དུ་བཏེག་ནས་གཡུགས་པ་ལྟ་བུའི་ཉམས་ཀྱི་གཏིང་དུ་ཚར་ནས་རྐང་པ་གཡས་ཀྱི་ཚིགས་རྣམས་ཁྲོགས་ནས་ཤིན་ཏུ་ན་བ་བྱུང་བ་དང་། ཚེས་བཅུ་བཞི་ཆད་པ་ཉེར་དྲུག་ཉིན་སྔ་ཐུན་མ་གྲོལ་ཙམ་ལ་ཁོ་བོའི་སྙམ་སྣང་དུ་ལྷོ་ཕྱོགས་ཀྱི་རྒྱང་རིང་མོ་ཞིག་ནས་བཙུན་པ་རྒད་པོ་གདོང་ཤིན་ཏུ་སྔོ་ཞིང་གཉེར་མས་གང་བ་མགོ་དཀར་པོ་བྱས་པ་ཞིག་མི་ནག་རབ་ཏུ་འཇིགས་པ་ཞིག་གིས་དེད་ནས་ཡོང་བ་ཞིག་དང་། ཐུན་གྲོལ་ཁར་ས་སྟེགས་ཀྱི་གཡས་ཟུར་མདུན་གྱི་ནམ་མཁར་འབྲུབ་ཁུང་ཟུར་ལངས་ཤིག་གི་ནང་དུ་མི་སྐྱ་དར་མ་གཅིག་གཅེར་བུ་རོ་སྟབས་སུ་བཀྱིགས་ནས་ལུས་ཐམས་ཅད་རྨས་གང་ཞིང་ཁྲག་འཛགས་པ་ཞིག་མཐོང་བ་དང་། ནུ་བོའི་