R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༨
[A:༤༥༨]མ་རུངས་པ་རྣམས་ཀྱིས་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད། ཟོས་ཤིང་མིད་ནས་བྱུང་བའི་ཤུལ་ཙམ་ཡང་མེད་པར་བྱས་སོང་སྙམ་པའི་ང་རྒྱལ་དྲག་པོའི་སྒོ་ནས་ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲི་ཏ། ཌོམྦྷི་ནཱི་ཙཎྜ་ལི། རཱཀྑ་སཱི། སིངྒ་ལཱི་དེ་ཝི་གནོད་བྱེད་ནཱ་ག་ཐམས་ཅད་མཱ་ར་ཡ་ཕཊ། ཞེས་དུམ་ཙམ་བཟླས་ནས་རྐང་གཡོན་ལ་སྔགས་བརྒྱབ་ཅིང་ཉལ་བས་ཉེར་དགུའི་ཉིན་ཟུག་གཟེར་སོགས་ཅུང་དྲག་ཙམ་དང་། གནམ་གང་ཉིན་དེ་བས་ཀྱང་དྲག་ཙམ། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཉིན་སིང་དྲག་ཏུ་སོང་བ་ཞིག་བྱུང་བ་དང་། གནམ་གང་གི་སྲོད་ཐུན་སྐབས་སྔས་མགོ་ནས་ཆུང་ཆུང་ཟེར་བའི་སྒྲ་ཞིག་དང་། སྲོད་ཐུན་གྲོལ་འཕྲལ་འཁྲུལ་སྣང་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དང་། ཚེས་གཉིས་ཀྱི་ཐོར་ཐུན་སྐབས་བམ་སྐྱུར་འདྲ་བའི་མེར་སྒྲ་དང་། ཐོག་ལྡིབས་པ་ཙམ་གྱི་ཚག་སྒྲ་ཤིན་ཏུ་ཆེ་བ་སྒྲུབ་ཁང་ནང་དུ་འདུག་མི་ནུས་པ་ཙམ་བྱུང་ནས། འཇིགས་ཤིང་སྒྲུབ་གྲོགས་ལ་ས་གཡོས་མིན་ནམ་ཟེར་ཤོར་ལ་ཁད་པའི་མུ་ནས་དེ་མ་ཐག་སེམས་འགྱུར་ཏེ་ཨ་ཁ་ཁ་མི་ང་ལ་གང་བྱུང་ཁ་སིང་མཚམས་བསྡོམས་དུས་གནས་འདི་ཉིད་དུ་མི་དབང་ལྷའི་ཞལ་གཟིགས་པའམ། དེ་མིན་ཡང་རབ་འབྲིང་མཐའ་གསུམ་གྱི་རྟགས་གང་ཡང་རུང་བ་ངེས་པ་ཅན་ཞིག་མ་བྱུང་བར་ལ་སྟེང་ནས་གནམ་སྡིབ་པའམ། འོག་ནས་ས་གཡོ་བ་སོགས་ཅི་བྱུང་ཡང་རུང་གནས་འདི་ནས་མི་འདའ་སྙམ་པའི་དྲན་པ་གསལ་བཏབ་ཅིང་། དེ་ག་རང་བགྱིད་སྙམ་པའི་དམ་བཅའ་བརྟན་པོར་བགྱིས་པ་ཡིན་བཞིན་དུ་ཚག་སྒྲ་དང་མེར་སྒྲ་ཕྲན་བུ་ལ་སྐྲག་ནས་འདུག་