R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༡
[A:༤༦༡]ཅིག །རྩལ་སྡུག་པ་བྱུང་ན་མ་འགྱོད་ཅིག །སྐྱེ་མེད་ཀྱི་སྡུག་ཟད་རྣལ་འབྱོར་ང་། །གང་དང་ཡང་འཐབ་པས་ཆོག་པ་ཡོད་། །འདི་དྲན་པར་གྱིས་ལ་བར་ཆད་རྣམས། །སྤོ་སྐྱེར་སྐྱེར་བྱས་ནས་ཤོག་ཅིག་གོ །ཡོང་པས་རང་ཆོག་པས་ཡོང་ངོ་ཨང་། །ཞེས་བྲིས་ནས་སྤྲས་པ་ཡིན་ནོ། །ཡང་ཚེས་བཅུ་དྲུག་གི་སྔ་ཐུན་གྱི་བཟླས་པའི་སྐབས་ལས་མཁན་སྤྲོ་བསྡུའི་དམིགས་པ་འགྱེད་པའི་མུ་ནས་དུམ་ཙམ་ཞིག་རང་ཉིད་དྲན་པ་སྟོར་བ་ལྟ་བུ་སེམས་ན་ཆོད་དེ་ལུས་པའི་ངང་ནས་མཐོང་སྣང་དང་ཉམས་སྣང་འདྲེས་པར་ས་སྟེགས་ཀྱི་མདུན་གཡོན་ཟུར་ན་བུད་མེད་དར་མ་གོས་སྔོན་དང་སྒ་སྤེ་རྒྱ་ཁ་གྱོན་པ་ཞིག་གི་མགོ་བོ་སྒམ་འདྲ་བ་ཅིག་གི་སྦུགས་ལ་བཅུག་ནས་ངུ་འབོད་ཆེན་པོ་འདོན་པ་དང་། ངེད་རང་གི་མདུན་ན་རྡོ་རྗེ་དཔལ་འབྱོར་ཡིན་སྙམ་པའི་བན་ཆུང་ཞིག་ལངས་ནས་འདུག་པར་ངེད་ཀྱིས་ད་འདི་འདྲ་གང་བྱས་པ་ཡིན་བྱས་སོང་བས་བན་ཆུང་དེས་འདི་མོ་རང་གི་ཁྱོ་དེ་ཤི་བའི་མྱ་ངན་བྱེད་པ་ཡིན། ད་རུང་མགོ་བོ་མགོ་བོ་བརྡབ། སྐྲ་སྐྲ་འབལ་འགྲོ་ཟེར་བྱུང་འཕྲལ་ངེད་རང་གི་སེམས་སྟོར་བ་ལྟ་བུ་དེ་དྲན་པས་ཟིན་ནས་སྔར་གྱི་མཐོང་སྣང་དང་ཉམས་སྣང་འདྲེས་པའི་བན་ཆུང་དང་བུད་མེད་ངུ་བ་དེ་གཉིས་ལ་འཇིགས་སྣང་དང་སྐྱོ་སྣང་འདྲེས་པ་ཞིག་བྱུང་། རྗེས་སུ་བསམ་བློ་བཏང་བས་བུད་མེད་ངུ་བ་དེ་བསྟན་དགྲ་ཞིག་གི་བླ་ཡིན་འདྲ་ཞིང་བན་ཆུང་དེ་གཉེན་མགོན་ཁོ་རང་ཡིན་འདུག་སྙམ་དུ་ཁོ་བོ་སེམས་སོ། །ཡང་ཚེས་བཅུ་དགུ་ཐོ་རེངས་རྨི་ལམ་དུ་ཁམས་པ་འདྲ་བའི་མི་སྐྱ་རྒད་པོ་ཞིག་གིས་ཁོ་རང་གི་ཆུང་མ་ཚེ་བརྟན་