R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༡
[A:༤༧༡]རླབས་རྗེས་གནང་སོགས་མང་དུ་སྩོལ་ཐོག་རིང་པོར་མ་ལོན་པར་གདུང་རྒྱུད་ཞིག་ཕེབས་ཀྱང་སྙིགས་དུས་ལོག་སྨོན་རྣམས་ཁ་རྒྱལ་བའི་དབང་གིས་མ་བཞུགས་པ། སླར་ཡང་གདུང་རྒྱུད་མྱུར་འབྱོན་གྱི་ཐབས་རིམ་འབད་བརྩོན་མཛད་སྐབས། གངས་ལྗོངས་བསྟན་འགྲོ་ཡོངས་ལ་འཚེ་བའི་མི་སྲུན་པ་འགའ་ཞིག་གི་ཆོ་འཕྲུལ་གྱིས་སྟོད་ཕྱོགས་ནས་ནཱཻ་པ་ལ་སྟེ་གོརྵའི་དམག་འདྲེན་གྱི་འགོ་རྩོམ་པ་ཡིན་ཏེ་གོང་འཕྲོས་ལས། ནཱཻ་པ་ལ་ཡིས་དམག་གི་སྟ་གོན་བརྩམས། །རྩེ་གདོང་ཕྱོགས་སུ་འགྲོ་སོགས་དོན་མེད་ལས། །རྣམ་གཡེངས་འགའ་ཞིག་གྲུབ་ནས་ལྷ་རྩེ་རུ། །ཞེས་པ་ལྟར་དེ་སྐབས་བོད་འདིར་གཟིམ་ཆུང་སྐུ་སྲུང་དམག་མི་ཙམ་ལས་དེ་ལྷག་གི་རྒྱ་དམག་དང་བོད་དམག་ཞེས་པ་སོགས་གང་ཡང་མེད་སྟབས་སྟོད་སྨད་ཡུལ་གྲུ་ཀུན་ཏུ་དམག་བསྐུལ་སོགས་ཀྱིས་འདབས་ཟིང་དང་ཁྱད་པར་གདན་ས་འདིར་ས་ཁད་ཉེ་ཞིང་དམག་ལམ་སོགས་ཀྱིས་སྐྱོན་ཇི་ཡོད་མ་རྟོགས་པས་འདི་ཁུལ་མཛོད་པ་སོགས་བློས་འགན་བཟོད་མིན་གྱི་གནས་སྐབས་རྩེ་གདོང་སོགས་སུ་གདན་ཞུས་ཀྱིས་བཞུགས་གདན་འཇགས་མུར་གུ་རུ་རིན་པོ་ཆེའི་གནས་ཆེན་གཟའ་ཕུག སོག་པོ་སོགས་གནས་མཇལ་དུ་ཕེབས་ཏེ། ཟ་ཕུའི་ཤར་གྱི་གཏེར་ལུང་ཕྱེ་བར་མཛད་ཀྱང་སྙིགས་དུས་ཀྱི་གདུལ་བྱ་རྣམས་བསོད་ནམས་དམན་པས་དམ་སེལ་སོགས་ཀྱི་དབང་ལས། ཀོང་གཏེར་སངས་རྒྱས་གླིང་པས་ལུང་བསྟན་སོགས་སུ། སྣ་རྣམས་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པ་དང་། ཆོས་གཏེར་སོགས་གདོན་པར་མངགས་ཀྱང་། གོང་གི་རྒྱུ་རྐྱེན་དེ་དག་ལས་བཞེས་མ་ཐུབ། འོན་ཀྱང་བྲག་