R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༣
[A:༤༧༣]རྒྱུན་དུ་ཐུགས་དམ་མཛད་པས་ཡབ་ཆོས་གྲས་སུ་གྱུར་པའི་གུ་རུ་དྲག་དམར་དང་། སྒྲོལ་དཀར་ཚེ་སྦྱིན་འདི་ལ་ལུགས་སྲོལ་མང་ཡང་། འདི་ནི་ཚར་ལུགས་འོད་ཟེར་དྲུག་བསྒྲགས་ཡིན་འདྲ་བ་བཅས་ཀྱི་གཞིའི་བསྙེན་པ་སྦྱིན་སྲེག་བཅས་མཛད་ཅིང་ས་བྱ་ལོར་རྗེ་བཙུན་ཀུན་དགའ་བསྟན་པའི་སྒྲོན་མེ་བལྟམས་ཤིང་། འདི་ནི་མཇུག་ལ་གར་བཞུགས་མི་གསལ་ཡང་སྒོ་སྤེལ་ལམ། བཙུན་མོ་གང་རིགས་ཞིག་ཏུ་བཞུགས་སམ་སྙམ་ཞིང་། དེ་ནས་གདུང་རབས་མྱུར་འབྱོན་ལ་ཆེད་དུ་དམིགས་གདན་གཞུང་ནས། སྒྲོལ་མ་གཙུག་ལག་ཁང་གི་བྱང་གི་སྟེང་དུ་རྒྱུད་སྡེ་ནས་གསུངས་པའི་འཕགས་པ་འཇམ་དཔལ་རིགས་ལྔའི་འབུར་སྐུ་ལ་དེ་ལས་གཞན་པའི་རིགས་གཞན་རྣམས་སྡེབ་རིས་སུ་བཞུགས་པ་འོག་ཏུ་ཚེ་ལྷ་ཁང་དུ་ཚེ་ལྷ་རྣམ་གསུམ་མི་ཚད་མ་དངུལ་གྲུབ། རྒྱན་ཆ་རྣམས་ཚ་གསེར་ཅན་གསུམ་ལ། ཚེ་ལྷ་རྣམ་གསུམ་འབུར་སྐུ། སོ་སོར་ནས་བརྒྱ་ཚར་རེ་བཞུགས་པ་རྣམས་ལ་རིང་བསྲེལ་རྣམ་བཞི་གཟུངས་བཞུགས་ཀྱིས་བརྒྱན་པ་བཅས་གཙུག་ལག་ཁང་སྟེང་ཤོད་རྣམས་ཀྱི་སྟེང་དུ་བླ་བྲེ་སོགས་དང་། བཞུགས་ཡུལ་ཤིང་ཁྲི་བང་རིམ་ཅན་རྣམས་ཀྱི་མདུན་དུ་ཀར་དཔྱད། རྒྱ་ཏིང་སོགས་མཆོད་པ་དུ་མས་སྤྲས་པ་འདི་རྣམས་གསར་བསྐྲུན་མཛད་དེ། རྒྱུད་སྡེ་ནས་གསུངས་པ་ལྟར་གྱི་རབ་ཏུ་གནས་པའི་མེ་ཏོག་ཀྱང་། བདག་ཆེན་དབང་གི་མཚན་ཅན་གང་ཉིད་ཆོག་གྲ་དང་བཅས་པས་རྒྱས་པར་མཛད་ཅིང་། དེ་མཚུངས་བསམ་བརླིང་མགོན་ཁང་འདི་ཉིད་གཅོང་ཟོམ་ཤིན་ཏུ་ཆེ་བ་རྩ་བ་ནས་སྤོས་གནང་གིས་ད་ལྟའི་མགོན་ཁང་བཀོད་ལེགས་ཕུ་མདོ་