R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༤
[A:༤༧༤]ཅན་འདི་བཞིན་གསར་བསྐྲུན་མཛད་ཏེ་ཕུར་ཞལ་ཤར་བསྟན་དུ་སྔོན་དུ་ཐེག་ཆེན་ཆོས་རྗེ་དང་། བདག་ཆེན་ཤར་པ་སོགས་ཀྱི་ཐུགས་དམ་རྟེན་གཤེད་དམར་དང་། ལྷ་མོ་རྗེ་ཁོལ་གྱི་སྐུ་རྙིང་རྣམས་ད་ལྟ་རྟེན་སྒམ་ཟངས་ཕྲ་ཅན་གྱི་ནང་དུ་བཞུགས་པ་འདི་རྣམས་དང་། གསར་དུ་གཤིན་རྗེ་གཤེད་དམར་པོ། འདོད་ཁམས་དབང་ཕྱུག་མ་དམག་ཟོར་རྒྱལ་མོ་རྣམས་མི་ཚད་མ་གསུམ་ལ་འཁོར་རྣམས་ཁྲུ་ཕྱེད་ཙམ་རེ་སྟེང་འོག་སོགས་གོ་རིམ་མ་ལོག་པ་ཕྱོགས་སོ་སོར་བཞུགས་པ་རྣམས་ལ་ནང་གཟུངས་སྤྱི་དང་། བྱེ་བྲག་སྲོག་འཁོར་བླ་རྡོ་སོགས་མཚན་ཉིད་དང་ལྡན་པ་བཞུགས་སུ་གསོལ་བ་རྣམས་ལ་སྔ་ཕྱིར་ཡེ་ཤེས་པ་སྟིམ་པ་བརྒྱ་ཕྲག་དུ་མ་མཛད་རྟགས་སུ། ད་ལྟ་ཡང་མིག་ལྡན་སུ་ཞིག་གིས་མཐོང་ཡང་ཟིལ་ཤིན་ཏུ་ཆེ་ཞིང་སྐབས་རེ་མདུན་དུ་བྱང་བ་དང་། སྐབས་རེ་རྒྱབ་ཏུ་ཕེབས་པ་ཞལ་དང་། སྤྱན་གྱི་འགུག་སོགས་ནས་ཁྲག་དང་བདུད་རྩི་རློན་པ་དངོས་སུ་འཛག་པ་སོགས། ཀུན་གྱི་མཐོང་ཆོས་སུ་གྱུར་པ་འདི་རྣམས་ཀྱི་སྐུ་རྒྱུ་རྟེན་མདོ་དཔེ་བྲལ་མ་དང་། ལྷ་མོ་དངོས་བཞུགས་དབུ་གཙང་གི་རྟེན་གནས་ཀྱི་ས་སོགས་འདྲེས་པ་རྣམས་ལས་བསྐྲུན་པར་མཛད་པ་རྣམས་ལ་གནམ་ས་བར་གསུམ་གྱི་དྲག་པོའི་རྒྱན་དང་། རྟེན་རྫས་ཆེ་ཕྲ་རྣམས་ཟངས་ཁྲའི་ནང་སྦྱར་དུ་བཞུགས་པ་དང་། ལོགས་རྣམས་སུ་སྟག་གཟིག་དོམ་དྲེད་རི་དྭགས་བྱ་སོགས་ཀྱི་ཤུན་ལྤགས་རྣམས་བཟང་གོས་འབའ་ཞིག་ལས་གྲུབ་པ། ཀ་བ་ཡོད་དོ་ཅོག་ལ་ཁྲབ་རྨོག་གྲི་ཕུབ་སྟག་གཟིག་གི་ལྤགས་པས་བརྒྱན་པ། གཞན་ཡང་གྲི་མན་མདུང་གསུམ་སོགས་