[A:༤༡]ནས། ལམ་ཟབ་བླ་མའི་རྣལ་འབྱོར་ཕྱི་མའི་བྱིན་རླབས། ཡང་དེའི་ཡིག་སྟེང་ནས་ལམ་ཟབ་ནང་མ། བླ་མ་རིན་འབྱུང་བིར་སྲུང་ཐུན་མོང་མ་ཡིན་པ། བླ་མ་དོན་འགྲུབ་ཀྱི་རྣལ་འབྱོར་ཚར་གསུམ་ཁུག་ཏུ་གྲགས་པ་རྣམས་སོ་སོའི་བྱིན་རླབས་བཅས་གསན་ནས། རྒྱབ་རྟེན་ལུང་གི་སྐོར་ལ་གསུང་ངག་གླེགས་བམ་པོད་སེར་དང་པོད་དམར་ཟུང་དང༌། མཁན་ཆེན་ངག་ཆོས་གསུང་ངག་དང༌། འབྲེལ་ཡིག་སྐོར་ཡོངས་རྫོགས་ཀྱི་ལུང་གསན། སྔགས་འཆང་ཆེན་པོས་མཛད་པའི་ཡིག་སྟེང་ནས་མགོན་པོ་ལྕམ་དྲལ་ལྷ་བརྒྱད་ཀྱི་རྗེས་གནང༌། ངག་ཆོས་ཡིག་སྟེང་ནས་གུར་མགོན་ཁྲོ་བཅུའི་རྗེས་གནང་བཀའ་རྒྱ་ཤིན་ཏུ་དམ་པ་ཡིག་ལུང་བཅས་དང༌། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་བྲག་རྫོང་མའི་ཉམས་ལེན་བཅས་ཀྱི་ལུང༌། སྔགས་འཆང་ཆེན་པོའི་ཡིག་སྟེང་ནས་ལས་མཁན་པུ་ཏྲའི་རྗེས་གནང་ཐུན་མོང་བ་ཟུར་བཀའ་དུ་གྲགས་པ་བཅས་གསན། ནོར་ལྷ་དབྱུ་གུ་མཆེད་གསུམ་སྒྲུབ་ཐབས་རྒྱ་གཞུང་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་ཡིག་རྙིང་རྣམས་དང༌། བོད་གཞུང་ཨ་མེས་ཞབས་ཀྱིས་མཛད་པ་རྣམས་ལུང་གསན།
གསང་ཆེན་རྙིང་མའི་སྐོར་ལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ནས་འཁོན་ཀླུ་དབང་སྲུང་བ་ལ་བཀའ་བབས་པའི། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྙིང་མ་དཔལ་ཆེན་རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཆོས་རྗེ་བླ་མ་དམ་པས་མཛད་པའི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་དང༌། སྔགས་འཆང་ཐམས་ཅད་མཁྱེན་པའི་དཀྱིལ་ཆོག སྔགས་འཆང་