R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢
[A:༤༢]ཆེན་པོའི་དབང་གི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང༌། ཆོས་རྗེ་བླ་མ་དམ་པའི་ཡིག་ཆ་རྣམས་ཀྱི་དགོངས་པ་བཞིན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབངཀུན་དགའ་རིན་ཆེན་གྱིས་མཛད་པའི་གསལ་བྱེད་རིན་ཆེན་ཕྲེང་བའི་སྟེང་ནས། སྨད་ལས་དྲག་པོ་སྒྲོལ་དབང་བཅས་གསན་ནས། ས་ལོས་མཛད་པའི་རྒྱུད་འདེབས་དངོས་གྲུབ་རྒྱ་མཚོ་དང༌། སྒྲུབ་ཐབས་བསྡུས་པ། བསྙེན་སྒྲུབ་གསལ་བྱེད་ལ་སྔགས་འཆང་ཆེན་པོའི་མཆན་གནང་བ། ཨ་མེས་ཞབས་ཀྱིས་སྒྲིག་གནང་ཕུར་དཀྱིལ་རྣམས་ཀྱི་ལུང༌། བདག་ཆེན་རྒྱ་གར་བས་ཕྲིན་གཞུང་དྲེགས་པ་ཟིལ་གནོན་དང༌། སྔགས་འཆང་ཆེན་པོའི་དབང་མཆོག་མཐོང་བ་རང་གྲོལ་བཅས་ཀྱི་སྟེང་ནས་མངའ་བདག་ཉང་རལ་གྱི་ཐུགས་གཏེར་བྲག་སྲིན་མོ་སྦར་རྗེས་ཅན་ནས་སྤྱན་དྲངས་པའི་གུ་རུ་དྲག་དམར་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང༌། གོང་གི་ཡིག་ཆ་རྣམས་དང་བརྒྱུད་འདེབས་བཅས་ཀྱི་ལུང༌། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཡིག་སྟེང་ནས་ཚེ་དབང་འཆི་མེད་དཔལ་སྟེར་མའམ་བླ་མ་ཞི་ཁྲོ་གྲགས་པ་དང༌། ངག་ཆོས་ཡིག་སྟེང་ནས་བྱང་གཏེར་ཚེ་དབང་ལྕགས་སྡོང་མ། སྔགས་འཆང་ཀུན་བསོད་ཡིག་སྟེང་ནས་རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་ཚེ་དབང་མདའ་འཕེལ་མར་གྲགས་པ་དང༌། སྔགས་འཆང་ཆེན་པོའི་ཡིག་སྟེང་ནས་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་སྲུང་མ་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་བདག་ཆེན་རྒྱ་གར་བ་དང༌། སྔགས་འཆང་དང་ཀུན་བསོད་ཀྱིས་