R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༧
[A:༤༧༧]ལེན་ཁྲ་བོ་དང་། །དུང་ལོང་ཚབ་ཏུ་སོར་ཀོང་གཟི་གཡུ་བཅས། །རུས་རྒྱན་ཚབ་ཏུ་ཕོར་ཤུབས་སྦོ་གྲི་དང་། །ཟོར་སྤང་ཚབ་ཏུ་མེ་ལྕགས་ཕྲ་ལྡན་དང་། །ཕོད་ཀའི་ཚབ་ཏུ་དོར་མ་རྒྱ་མཚོ་བཅས། །སྲང་འགག་གཞུང་ལ་ཟོར་གཏོར་ཤ་ར་ར། །ཞེས་སོགས་གསུངས་པ་ལྟར་ད་ལྟ་ལྷ་ཆེན་ལྕགས་རི་འཁོར་མོར་འཛིན་ཆའི་མེ་མདའི་སོ་ཁུང་འདི་རྣམས་དེ་སྐབས་སུ་མཛོད་འཛིན་གྲྭ་ཚང་པའི་དུས་བརྒྱབ་ཚོད་དང་། དེ་སྐབས་འགྲོ་མགོན་དབང་གི་མཚན་ཅན་ཉིད་ནི་ཤབ་ཆོས་ལྕམ་གྲ་སོགས་སུ་བརྫུས་སྟབས་སུ་རྒྱུན་རིང་ཙམ་བཞུགས་ཏེ། དེ་སྐབས་བལ་དམག་རྣམས་གཞིས་རྩེར་འགྲོ། ལམ་ཚོ་གཅིག་འདིར་ཡང་ཁེལ་བ་འབྲོང་ངུ་ལ་བརྒྱུད་ཕྱག་འཚལ་སྒང་ནས་དམག་རུ་བསྣར་ཏེ་འོངས། དེ་སྐབས་གདན་ས་འདིར་ལྷ་ཆེན་སོགས་སྲུང་ཆ་ཙམ་འཇོག་པ་ལས་གཞན་པས་ཟིང་ཆ་མ་བགྱིས་པ་སོགས་ལ་བརྟེན་བལ་དམག་རྣམས་ཤར་བསྐྱོད་ཀྱིས་དེ་ནུབ་དམག་སྒར་བུ་ལུང་དུ་བརྒྱབ་ཚོད་ཀྱི་དེ་ས་ནས་དམག་མི་འགའ་རེས་ལྷ་ཆེན་སོགས་རྒྱལ་སྒོ་མནན་ཏེ་འགྲོ་ས་མེད་རྐྱེན། ཆུས་བྱང་གི་སྡེ་གསེབ་དང་། བྱང་རྒྱུད་དགོན་གསེབ་སོགས་ལ་ཕྱིན་ཏེ་སྒོ་རུམ་རག་དུང་རྣམས་ཁྱེར་ཚོད་ཀྱང་། ཆོ་འཕྲུལ་འགའ་ཞིག་བྱུང་པ་ཡིན་ནམ། སླར་བཞག་སྐད་བཅས། དེ་ཙམ་ལས་ལྷ་བླ་མ་ཁོ་ནའི་བྱིན་མཐུས་སྐྱོན་འགྱུར་མ་བྱུང་ཞིང་དེ་ནས་ས་གཞིས་རྩེས་བརྒྱུད་ལྷ་ལྡན་རང་དུ་འགྲོ་རྩིས་ཀྱང་སྒར་ནད་མི་ཟད་པས་བཏབ་པ་དང་བོད་དམག་སོགས་ཀྱིས་འགྲོ་ལམ་མ་བདེ་བ་ཕྱིར་ལོག་སྐབས་བཀྲས་ལྷུན་ནས་ཁྱེར་བའི་ཆོས་གོས་རྡོར་ཕྲེང་། མཚམས་ཕོད་སོགས།