R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༨
[A:༤༧༨]འདིར་ཡང་ཁ་རེ་བྱུང་ཚོད་རྣམ་ཐར་ཞལ་གསུངས་མའི་གོང་གི་འཕྲོར། དེ་རྗེས་མ་འགྱངས་སྙིང་རུས་འགྲོ་བའི་མགོན། །བདག་གི་སེམས་ཀྱི་གདུང་སེལ་བཀའ་དྲིན་ཅན། །པདྨ་བདུད་འདུལ་དབང་ཕྱུག་ཅེས་གྲགས་པའི། །འཇམ་དབྱངས་རིགས་ཐིགས་གཞོན་ནུ་ལེགས་པར་བྱོན། །དམ་པའི་ཕྱག་སྲོལ་དུས་མདོས་ཟབ་མ་སོགས། །བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་སྤྱད། །དེ་ནས་རིམ་བཞིན་ཀུན་དགའ་རིན་ཆེན་དང་། །སྤྱན་རས་གཟིགས་སྤྲུལ་རིགས་མྱུག་ཡིན་པ་ལ། །བར་ཆད་དབང་གིས་བུ་མོར་གྱུར་བའི་རྗེས། །བསྐལ་བཟང་ཚུལ་ཁྲིམས་ཞེས་སུ་གྲགས་པ་དང་། །མགོན་པོ་དངོས་གྲུབ་གཞུང་བརྒྱ་དཔལ་འབར་གྱི། །རྣམ་པར་སྤྲུལ་པ་དངོས་གྲུབ་མཚན་ཅན་རྣམས། །གེགས་མེད་དོན་ལྡན་ཁོ་ན་ལེགས་པར་བྱོན། །དངོས་གྲུབ་མཚན་ཅན་བལྟམས་རྗེས་རྒྱལ་ཡུམ་ལ། །རླུང་ནད་ཚབས་ཆེན་བཏབ་པའི་སྐུ་གེགས་ཤར། །དེ་རྗེས་ནར་མར་རླུང་ནད་རྒྱུན་བསྲིང་གི །རྒྱལ་ཡུམ་སྐྲག་སྟེ་གདུང་སྤེལ་མཛད་མ་འདོད། །དེ་ལ་བརྟེན་དང་རིག་འཛིན་འཇིགས་མེད་ཀྱིས། །ལུང་བསྟན་དོན་བཞིན་སླར་ཡང་ཡུམ་གྱི་སྤུན། །དམ་ཚིག་སྒྲོལ་མ་རྣལ་འབྱོར་རིག་མར་བརྟེན། །རྒྱལ་ཡུམ་དམ་པས་བཀའ་འགྱུར་རིན་པོ་ཆེ། །སྙིང་རུས་འབད་ནས་གསུང་སྒྲོགས་མཛད་པ་དང་། །རྡོ་རྗེ་རྣལ་འབྱོར་མ་ཡི་བསྙེན་པ་དང་། །མཁའ་འགྲོ་སེང་གདོང་བསྒྲུབ་པ་བསྐང་བ་དང་། །ཕྱག་འཚལ་སྐོར་བ་གྲངས་མེད་མཛད་པ་སོགས། སྒོ་གསུམ་རྣམ་དཀར་ལས་ལ་འབད་པ་རྣམས། །ཤིན་ཏུ་ལེགས་མོད་སྐུ་གཟུགས་བཟང་བའི་སྐབས། །ལོ་གྲངས་