R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༦
[A:༤༧༦]པ་སོགས་དང་བསྟུན་སྒར་ནད་མི་བཟད་པས་བཏབ་སྟེ། ཕལ་ཆེར་འཆི་བ་དང་། འཕྲོ་རྣམས་ཀྱང་བོད་དམག་རྣམས་ནས་བསད་བཅོམ་གྱིས་རང་ཞིར་གྱུར་ཚུལ་བདག་ཆེན་ཉིད་ནས་མཛད་པའི་དམག་ཟོར་མའི་གཏོར་བཟློག་གི་སྦྱར་བྱང་ལས། ཨ་བུ་ལྟར་བཅོས་པའི་གོ་རྒྱལ་དཔུང་། །བོད་མི་དམངས་ཀུན་གྱིས་མ་ཐུལ་བ། །ང་ས་སྐྱའི་མིག་གཅིག་འཁོས་མེད་པོས། །ད་མྱུར་དུ་འཇོམས་པ་རྒོད་རེ་བྲོ། །ཞེས་གསུངས་པ་ལྟར། དེ་སྐབས་སྐྱེས་ཆེན་དམ་པ་གཞན་ནས་ཀྱང་དམག་བཟློག་མང་དུ་མཛད་པ་གཞིར་གྲུབ་ཀྱང་འགྲོ་མགོན་དབང་གི་མཚན་འཆང་འདི་ཉིད་ནི། དུས་ཚོད་འདི་སྐབས་སུ་གནས་དུས་ཀྱི་རྟེན་འབྲེལ་མ་འཆུགས་ན་མཐའ་དམག་འདུལ་བར་ཆེད་དུ་མངགས་ཚུལ། གུ་རུ་པདྨས་གཏེར་ལུང་རྣམས་སུ། ཞང་སྣ་རྣམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པར་ལུང་བསྟན་ཚུལ་སོགས་ལས། བལ་བོད་མཚམས་སུ་དབང་གི་མིང་ཅན་བྱུང་། མཐའ་དམག་བཟློག་པའི་རྟེན་འབྲེལ་དེ་ལ་ཡོད། ཅེས་སོགས་དེ་འདྲའི་ལུང་བསྟན་མང་པོར་གསལ་བར་གསུངས་པ་ལྟར་མཐུ་སྟོབས་ལག་ན་རྡོ་རྗེ་དང་མཚུངས་པ་ནི། དེ་སྐབས་ཀྱི་སྐྱེ་བོ་རྫུན་མི་ཟེར་བ་ཕལ་ཆེར་གྱིས་ཤེས་ཆོས་སུ་གྱུར། ཡང་རྣམ་ཐར་གོང་འཕྲོས་ལས། སྐབས་རེར་གཞན་གྱིས་བཀའ་བསྩལ་ལྷུར་བླངས་ནས། །རང་ཡུལ་སྤངས་ནས་སྤྲང་པོའི་ཚུལ་ཚན་གྱིས། །ཤབ་གཞུང་ཕྲ་མོའི་ཡུལ་ཕྱོགས་འགྲིམ་འགྲིམ་ནས། །ནམ་ཕྱེད་སྤང་སྐྱའི་སྟེང་ནས་ཕུར་པ་ཡི། །ཟོར་འཕེན་སྔོན་ཆད་མ་གྲགས་ཡ་མཚན་ཅན། །ཞྭ་ནག་ཚབ་ཏུ་སོག་ཞྭ་ཁ་ཀྲོང་དང་། །རྡོ་གོང་ཚབ་ཏུ་རྡུལ་