R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༩
[A:༤༧༩]སུམ་ཅུ་མ་ལོན་གདུང་སོགས་ཀྱང་། །འབྱོན་འཕྲོ་འབྱོན་པའི་མུ་རང་ཡིན་ངེས་ལ། །གདུང་སྤེལ་བྱ་བ་དགོངས་ཞུ་མཛད་པ་འདི། །རྣལ་འབྱོར་བདག་གི་སེམས་ལ་ཅུང་མ་བབས། །འོན་ཀྱང་ཐོག་མཐའ་བར་དུ་དྲིན་ཆེ་བས། །རང་འདོད་ཁ་ཚང་བདག་གིས་ཅི་ལ་ནུས། །ཞེས་སོགས་གསུངས་པ་བཞིན་དམག་ཐག་ཀྱང་ཕལ་ཆེར་ལྕགས་ཕག་ལོར་ཆོད་ནས། དག་ཆེན་དབང་སྡུད་སྙིང་པོའམ་དཔལ་ལྡན་ཆོས་སྐྱོང་ཉིད་དགུང་གྲངས་སུམ་ཅུར་ཕེབས་པ་ཆུ་ཕོ་བྱི་བའི་ལོ་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ལ། སྙིགས་དུས་འགྲོ་བའི་མགོན་པོ་པདྨ་བདུད་འདུལ་དབང་ཕྱུག་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོར་གྲགས་པ་ཉིད་སྐུ་བལྟམས་པའི་དགའ་སྟོན་དུ་དུས་མདོས་ཟབ་མ་སོགས་གཏང་རག་རྒྱ་ཆེར་མཛད་ཚུལ་རྣམས་ཕལ་ཆེར་ཆུ་ལུག་ལོ་ཡབ་རྗེ་ཉིད་སྐུ་འཁྲུངས་དུས་བཞིན་མཛད་དམ་སྙམ་ཤིང་། ཡང་ཡབ་རྗེ་ཉིད་དགུང་གྲངས་སོ་གཉིས་སུ་ཕེབས་ཤིང་སྟག་ལོར་ཡབ་ཀུན་དགའ་རིན་ཆེན་བལྟམས་པའི་དགའ་སྟོན་དུ་ཡུམ་ཆེན་བན་ཚང་པས་མདོས་ཟབ་སུ་གྲགས་པའི་འཆམ་གཟིགས་ཕུལ་ཅིང་། མེ་འབྲུག་ལོར་བདེ་སྐྱིད་རྗེ་བཙུན་དུ་གྲགས་པ་ཚུལ་ཁྲིམས་དཔལ་རྒྱས་དབང་མོ་འཁྲུངས། ལྕགས་སྤྲེལ་ལོར་མགོན་པོ་དངོས་གྲུབ་དཔལ་འབར་འཁྲུངས་སྟོན་དུ་མགོན་མདོས་ཟབ་མར་གྲགས་པ་མཛད་ལོ་དང་། དེ་རྗེས་རྒྱལ་ཡུམ་མཆོག་ལ་སྐུ་རླུང་སྙུན་བཞེས་ཀྱིས་གདུང་སྤེལ་དགོངས་ཞུ་མཛད་ཚུལ་བཅས་རྣམ་ཐར་རྩ་ཚིག་བཞིན་དང་། གཞན་ཡང་ས་རྟ་ལོ་ནང་དཔལ་ས་སྐྱའི་བྱང་ངོས་བདེ་མཆོག་ཕོ་བྲང་འདི་བཞིན་