R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༦
[A:༤༨༦]སྔོན་སྔགས་འཆང་ཆེན་པོས་ལྷ་ས་རྫོང་ནས་སྤྱན་དྲངས་པ་དེ་ཉིད་བདེ་མཆོག་ཕོ་བྲང་དུ་ཕྱག་ལེན་བཞིན་དབྱངས་རོལ་དང་བཅས་ཕར་དང་ཚུར་གདན་དྲངས་ཏེ་ཉམས་གསོ་རབ་གནས་བཅས་གསར་བཞེངས་ལྟ་བུར་མཛད་པ་དང་། ཤཱཀ་བཟང་སྐུ་འབུམ་ཉམས་གསོ་རྨང་ནས་གསར་བཅོས་མཛད་དེ་སྟེང་གཟིམ་ཁང་དཀར་པོ་གྲགས་པ་སྔོན་དུ་དཔོན་ཆེན་དང་། དེ་རྗེས་ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་དེ་རྗེས་ངོར་ཆེན་རྡོ་རྗེ་འཆང་ལ་གཙུག་ཏོར་རྣམ་རྒྱལ་ཞལ་གཟིགས་སོགས་ཀྱི་གཙུག་ལག་ཁང་རྣམས་ཉམས་གསོ་གསར་བཞེངས་མཛད་ཅིང་། དེའི་ཤར་ན་དཀར་ཤཱཀྱ་གྲགས་ཀྱི་ནང་རྟེན་སྐུ་འབུམ་དང་། དེ་འོག་རྡོར་ཁང་གཙུག་ལག་ཁང་ལྷོ་ཇོ་སྲས་ཤཱཀྱ་ཡེ་ཤེས་སོགས་ཀྱི་སྐུ་འབུམ་བཅས་བདེ་གཤེགས་མཆོད་རྟེན་བརྒྱད་དུ་བསྒྱུར་བར་མཛད་ནས། གཟུངས་བརྫང་རབ་གནས་ཕུན་སུམ་ཚོཊ་པར་མཛད་དེ་ས་རྒྱན་གནམ་རྒྱན་སོགས་གསར་འབུལ་མཛད་པ་དང་། དེ་མཚུངས་མགོན་ནུབ་འཆམ་མགོན་རྣམས་དང་། གཡག་ཟེངས་བཅས་ཉམས་གསོ་གསར་བསྐྲུན་ལྟ་བུར་མཛད་དེ། མགོན་པོའི་རབ་གནས་མན་ངག་ནས་བྱུང་བ་བཞིན་མཛད་པ་དང་། སྔོན་དུས་ཟན་ཚུལ་བླ་བྲང་ངམ་དེང་སང་ཁྲོ་ཁང་བླ་བྲང་དུ་གྲགས་པ་འདིའང་འདིར་རྨང་ནས་ཆོས་སར་དང་ཆབས་གཅིག་མགོན་ཁང་འདིའང་ཞལ་བཀོད་ཕུན་སུམ་ཚོགས་པ་འོག་ཏུ་སྤོད་གནང་ཐོག་མི་སྲིང་གསུམ་ལ་སྐུ་འཇིམ་སྒྲུབ་མ་གོས་བཟང་གི་ཕོད་ཁ་རྡོར་གོང་རུས་རྒྱན་སོགས་ཀྱིས་བརྒྱན་པ་ཁྱད་པར་ནང་གཟུངས་རྣམས་ཀྱང་རྣམ་འདྲེན་ཀུན་བློས་