R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༧
[A:༤༨༧]ནང་སོར་ཨ་མེས་ཞབས་ཀྱིས་པུ་ཏྲའི་ཞལ་འབག་ལ་སྐུ་བྱིངས་བསྐྲུན་པའི་དཀར་ཆག་སོར་བཞག་ལྟ་བུས་མཛད། མེ་རིས་ཀྱི་ཁྲོད་གུར་ལྷ་བརྒྱད་འབྱུང་འདུལ་སོགས་གསར་བསྐྲུན་མཛད་ཅིང་། གཟུངས་རྣམས་ཟབ་པར་ཕུལ་ཏེ་སྟེང་དུ་གསེར་གྱི་གཉྫི་ར་རྒྱལ་མཚན་རྔ་ཐུག་ཀྱིས་ཚོགས་བཅས་གསར་བསྐྲུན་མཛད་དེ། རབ་ཏུ་གནས་པའི་དགའ་སྟོན་བཅས་མཛད་པ་འདི་སྔོན་དུས་ནས་བཟུང་གདན་སའི་བྱང་རྒྱུད་ལ་ཆུ་གནོད་མི་འབྱུང་བའི་བཀའ་བསྒོ་མཛད་པ་བཞིན་ཕྱི་ལོ་དགུན་དུས་གྲུམ་ཆུ་སྦོས་ཏེ་བླ་བྲང་ཟམ་སྣེར་ཐོན་ཙམ་ནས་མཆོད་ཞིང་བྱ་ཕྲ་མར་ཕྱོགས་པས་རྡོ་སྐྱོར་བགྱིས་ཀྱང་བསྲུང་དཀའ་བ་བྱུང་འདུག་པ། ཆོས་སྐྱོང་གིས་ཅུང་ཟད་ཀྱང་བཀའ་ལས་མི་འདའ་བའི་མཚན་མར་མངོན་པ་དེར་གནམ་ས་བར་གསུམ་གྱི་དྲག་པོའི་རྒྱན་དང་། དྲུག་རྟེན་གྱི་ཚོགས་དང་བཅས་གསར་བསྐྲུན་མཛད་པ་དང་། དེའི་ལྟག་གི་དགའ་ལྡན་བླ་བྲང་འདི་ཉིད་དམངས་ནས་བརླིང་ཆོས་མཛད་དེ། སྔར་ལས་བཀོད་པ་རབ་ཏུ་སོན་པ་འོག་གི་མགོན་ཁང་དུ་རྒྱལ་ཆེན་བསེ་ཁྲབ་པའི་གཡས་གཡོན་དུ་མདུང་དམར་ཅན་ཆོས་སྐྱོང་དུང་ཐོད་ཅན་རྣམས་སྐུ་གཟུགས་དང་བཅས་པར་གསར་བཞེངས་མཛད། བླ་མ་བདག་ཉིད་ཆེན་པོའི་ཐུགས་དམ་རྟེན་གུར་མགོན་ལྕམ་དྲལ་སོགས་སྔར་ཡོད་རྣམས་བཞུགས་སུ་གསོལ་ཏེ། སྔགས་འཆང་བླ་མ་ཉིད་ཀྱིས་རབ་གནས་ཀྱི་མེ་ཏོག་འཐོར། རྒྱལ་བསྟན་སྲུང་བར་སླར་ཡང་བཀའ་བསྒོས་ཏེ་སྤྱན་གཟིགས་གཏོར་ཚོགས་སོགས་སྤྲིན་ལྟར་གཏིབས་ཤིང་། བསྟན་པའི་བྱ་ར་གཡེལ་མེད་མཛད་སླད་བཞུགས་