R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༠
[A:༤༩༠]བ་ཅན་ལ་འདྲ་ཅོག་མཛད་དེ་བཞེངས་པ་འབུམ་ཐང་ན་བཞུགས་པའང་ས་ཆེན་ཀུན་བློས་ས་འབུམ་དངུལ་འབུམ་དུ་བསྒྱུར་སྐབས་འདིར་ཕེབས་ལ་སོགས་དང་། འགྲོ་མགོན་ཕྱག་རྡོར་སོགས་འདིའི་རྟེན་རྣམས་ཀྱང་འདིར་སྤྱན་དྲངས་ཏེ་བཞུགས་སུ་གསོལ། གཞན་ཡང་སྦྱིན་བདག་མངྒའི་མཚན་ཅན་བཅས་བཞུགས་པའི་དྲུང་ན་ས་རྒྱན་ཏིང་བདུན་ཚར་དུ་མ་དཀའ་སྤྱད་ཀ་འཕན་ཁྱད་མཚར། གནམ་རྒྱན་བཟང་གོས་འབའ་ཞིག་ལས་གྲུབ་པ། འདི་རྣམས་ས་སྐྱ་པ་དབང་སྡུད་སྙིང་པོས་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པ་འདི་རྣམས་དང་། སྔོན་དུས་ཉིས་ཐོག་བླ་བྲང་དེ་ཉིད་དེང་སང་མངོན་དགའ་བདེ་ཆེན་དུ་མཚན་བསྒྱུར་ཏེ། འཇམ་མགོན་ཨ་མེས་ཞབས་ཀྱི་སྐུ་དུས་བཞེངས་གནང་འདིའང་ལོ་མང་རིང་འགྲོས་གྱིས་གཅོང་ཟོམ་ཆེ་བར་ཉམས་གསོ་རྨང་ནས་གསར་བཅོས་མཛད་དེ་ནང་དུ་མཆོད་རྫས་དང་། སྟེང་དུ་གསེར་ཟངས་ཀྱི་རྒྱལ་མཚན་རྔ་ཐུག་བཅས་གསར་བསྐྲུན་མཛད་པ་དང་། དེའི་བྱང་ཟུར་ཁང་བླ་བྲང་དུ་གྲགས་པ་ཉམས་གསོ་གསར་བསྐྲུན་མཛད་དེ་སྒྲོལ་དཀར་ཐོག་ཚད་མ་སྔོན་སྔགས་འཆང་ཆེན་པོས་ཐུགས་སྲས་གྲགས་པ་བློ་གྲོས་རྒྱལ། སྲས་བསོད་ནམས་དབང་ཕྱུག་རྣམས་ཀྱིས་ཉམས་གསོའི་སྐབས་ལྡེབས་བྲིས་སུ་བཞུགས་པའི་སྔགས་འཆང་ཆེན་པོའི་སྐུ། ཚེ་དཔག་མེད། ཛམ་སེར་རྣམས་ཚར་དུ་དངར། དམར་པོ་སྐོར་གསུམ་བཅས་བཞུགས་པ་རྣམས་ཞལ་གྲངས་དེ་དང་མཐུན་པའི་འབུར་སྐུ་འདི་རྣམས་དང་། མཐོང་དོན་གཙུག་ལག་ཁང་གི་ནུབ་ཕྱོགས་འོད་དཔག་མེད་ཀྱི་སྣང་བརྙན་འདིའང་