R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༩
[A:༤༨༩]པ་སོགས་བཞུགས་པ་ལ་གནས་བསྐོར་པ་དག་གི་སྡོད་ཡུལ་བྱས་པས་དུད་སྐྱོན་དང་། ཁྱད་པར་བསམ་བྲལ་འགའ་ཞིག་གིས་ལམ་ངན་དོད་པས་སྐུ་སོ་སོར་ཕུར་པ་རྟོད་དེ་ཡོ་བྱད་འགེལ་བ་དང་མི་འཚམ་པ་ལ་མཚམས་མེད་ཀྱི་ལས་གསོག་པར་ཐུགས་ཀྱིས་མ་བཟོད་པར། དེ་རྣམས་བསྲུང་བའི་ཕྱིར་རིགས་སྔགས་འཆང་པ་ཀུན་དགའ་བཀྲ་ཤིས་ཀྱིས་གཙུག་ལག་ཁང་དུ་བསྒྱུར་ནས་རྟེན་གསར་བསྐྲུན་མང་དུ་མཛད་དེ་བཞུགས་པ་སླར་ཡང་གངས་ཅན་བསྟན་འགྲོའི་རྩ་ལག་ཨོ་རྒྱན་རྒྱལ་བའི་རྣམ་འཕྲུལ་དཔལ་ལྡན་ཆོས་སྐྱོང་གིས་རྨང་ནས་གསར་བཞེངས་མཛད་དེ་སྟེང་བླ་མ་ལྷ་ཁང་འོག་ཏུ་མགོན་ཁང་བཅས་བསྐྲུན་པར་མཛད་པའི་སྟེང་ན་སྔར་གྱི་རྟེན་གཙོ་འཇམ་དབྱངས་སེང་ཞོན། བྲམ་ཟེ་ཆེན་པོ་ས་ར་ཧ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ། གཞོན་ནུ་ནོར་བཟང་། སོག་པོའི་རྒྱལ་པོ་སྡེ་ལྔ་ལ་འཇམ་དབྱངས་གཙོ་འཁོར་ལྔ་ཟེར་བ་དང་། ས་བིར་རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་དགུང་ལོ་བརྒྱད་པའི་སྐུ་ཚད་འཕགས་པའི་ཕྱག་ནས་མ། ཡང་ཀུན་བཀྲས་པས་བསྐྲུན་པའི་འཕགས་པ། སྔགས་འཆང་བླ་མ་དེ་ཉིད་ཀྱིས་འགྲོ་མགོན་འཕགས་པའི་ཕྱི་རྟེན་ལ་ཉམས་གསོ་གནང་སྐབས་སྔགས་འཆང་བླ་མ་མངྒའི་མཚན་ཅན་ཉིད་ལས་མི་རྣམས་ཀྱི་ཁྲོད་ཕེབས་ནས་བཀའ་འདོམས་མཐར་ཕྱིན་བསྩལ་ཞིང་ཕྱི་རྟེན་གསེར་འབུམ་ཆེན་མོ་དབུ་བཙུགས་ཏེ། ཐུགས་སྨོན་ཉམས་སུ་བསྟར་སྐབས་དྲི་བསུང་ལྷ་ཡི་དྲི་ལས་ཀྱང་ལྷག་པར་འཐུལ་བས། ཐུགས་དད་ལྷག་པར་འཁྲུངས་ཏེ་སྒོ་རུམ་གྱི་འཕགས་པ་སྨེ་